2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་འབྲེལ་གསར་འགྱུར་དྲིལ་སྒྲོག་བྱ་གཞག་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྱབ་སྤེལ་མཐོ་ཚད་དམ་འཛིན་བྱེད་དགོས།

སྤེལ་དུས 2019-12-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུའི་ཐོག་ཤིས་ཚིག་ཕུལ་བཞིན་པ་རེད། 
            《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པ་ནི་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ལས་དོན་གྱི་བཀྲ་ཤིས་པའི་དོན་ཆེན་ཞིག་རེད། ངས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱི་ཚབ་བྱས་ནས་ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ།
            ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་ནི་ཀྲུང་དབྱང་གི་བོད་འབྲེལ་དྲིལ་སྒྲོག་སྡེ་ཚན་གལ་ཆེན་ཞིག་ཡིན་ཞིང་། ལོ་མང་རིང་དུས་དེབ་ཁང་གི་འགོ་ཁྲིད་རིམ་བྱོན་སྡེའི་སྣེ་ཁྲིད་འོག་དུས་དེབ་ཁང་གིས་ཐོག་མཐའ་བར་གསུམ་དུ་མར་ཁེ་སིའི་རིང་ལུགས་ཀྱི་མེས་རྒྱལ་ལྟ་བ་དང་མི་རིགས་ལྟ་བ། གསར་འགྱུར་ལྟ་བ་བཅས་མཐའ་འཁྱོངས་བྱས་པ་དང་། ཡང་དག་པའི་དུས་དེབ་གཉེར་བ་དང་དྲ་བ་གཉེར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཏང་གི་མི་རིགས་དང་ཆོས་ལུགས་ཀྱི་མཛད་ཕྱོགས་སྲིད་ཇུས་དྲིལ་སྒྲོག་ཤུགས་ཆེན་བཏང་ནས་ཀྲུང་དབྱང་གིས་བོད་ལྗོངས་དང་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་གནང་པ་མཚོན་ཡོད་ལ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་འཕེལ་རྒྱས་འགྱུར་ལྡོག་དང་ལོ་རྒྱུས་ཀྱི་དུས་སྐབས་དངོས་ཡོད་དོན་ཡོད་བཀོད་ཡོད་ཅིང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་ཆ་འཕྲིན་སྣ་ཚོགས་དུས་ཐོག་ཏུ་བརྒྱུད་སྒྲོག་བཅས་བྱས་ནས་གངས་ལྗོངས་ས་མཐོའི་འཕོ་འགྱུར་ཆེན་པོ་ཇི་མ་ཇི་བཞིན་མཚོན་པར་བྱས་ཡོད། 
            དུས་དེབ་དང་དྲ་བ་བཙུགས་པ་ནས་བཟུང་། ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གིས་ཐོག་མཐའ་བར་གསུམ་དུ་སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཏང་གི་གསར་འགྱུར་དྲིལ་སྒྲོག་ལས་དོན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། དུས་བབ་གསར་པའི་འོག་གི་གསར་འགྱུར་དྲིལ་སྒྲོག་ལས་དོན་གྱི་བྱེད་ཐབས་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་པ། གསར་འགྱུར་དྲིལ་སྒྲོག་གླེང་ཕྱོགས་ཀྱི་ཤུགས་རྐྱེན་དང་གོང་བུ་གཅིག་གྱུར་གྱི་ནུས་པ་སྔར་བས་ཆེ་རུ་བཏང་ཡོད་ཅིང་། པར་སྐྲུན་འགྲེམས་སྤེལ་བྱས་པའི་དུས་དེབ་དང་དཔེ་དེབ། དྲ་ཚིགས་སྟེང་བཀོད་པའི་རྩོམ་ཡིག་ལ་ཀློག་པ་པོའི་གདེང་འཇོག་ཡག་པོ་ཐོབ་ཡོད་པ་དང་། པར་ལེན་འགྲེམས་སྟོན་སོགས་ཀྱི་བྱེད་སྒོར་དྲིལ་སྒྲོག་གི་ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད། 
            ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གིས་འཕེལ་རྒྱས་བརྟན་ལྷིང་གི་གནས་བབ་ཧྲིལ་བོར་དམ་པོར་དམིགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་དོན་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་པ་དང་། མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་ཐབས་ཇུས་ཀྱི་རླབས་ཆེན་ལག་ལེན་དང་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད་ཅིང་། གླེང་ཕྱོགས་གཙོ་བོའི་གདངས་དབྱངས་དཀྲོལ་ཏེ་དྲང་ནུས་བརྒྱུད་སྤེལ་བྱས་པ་བཅས་ཀྱིས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ཀྱི་ལེའུ་ཡག་པོ་རྩོམ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྟོབས་ཤུགས་དྲག་པོ་འཕེལ་བར་བྱས་པ་དང་།  བོད་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ནུས་ལྡན་བྱས་ཤིང་བྱས་རྗེས་མི་དམན་པ་བཞག་ཡོད་པ་རེད། 
            ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་འཕེལ་རྒྱས་བྱུང་བའི་ལོ་ངོ་30ནི་འབད་འཐབ་དང་གྲུབ་འབྲས་མཉམ་དུ་ཐོབ་པའི་ལོ་ངོ་30ཡིན་ལ་སྒྱུར་བཅོས་དང་འཕེལ་རྒྱས་མཉམ་གནས་ཀྱི་ལོ་ངོ་30རེད། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་དང་བོད་ལྗོངས་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་ངོ་60འཁོར་བའི་ལོ་རེད། ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་འདི་ལྟ་བུའི་སྟེང་ལོ་རྒྱུས་ལ་ཕྱིར་དྲན་ཞིག་ཡིན་པ་མ་ཟད་འབྱུང་འགྱུར་ལ་རྒྱང་ལྟ་ཞིག་ཀྱང་རེད། མིག་སྔར། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་ཏུ་སླེབས་ནས་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་འབེན་ཐད་འབད་པ་ལྷུར་ལེན་བྱེད་ཀྱི་ཡོད། ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གི་འཕེལ་རྒྱས་ཀྱི་ལས་འགན་ལྕི་ལ་འགྲུལ་བཞུད་ཀྱི་ལམ་ཐག་རིང་པ་དང་། བོད་འབྲེལ་དྲིལ་སྒྲོག་ལས་དོན་གྱི་འགན་འཁྲི་ཤིན་ཏུ་ལྕི། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ་མི་རིགས་ལས་དོན་དང་གསར་འགྱུར་གླེང་ཕྱོགས་ལས་དོན་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། སྨྱན་སྦྱོར་གསར་པའི་དུས་རབས་ཀྱི་བོད་འབྲེལ་གསར་འགྱུར་དྲིལ་སྒྲོག་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པ་བྱེད་དགོས་ལ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་གྱིས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བོད་འབྲེལ་གསར་འགྱུར་དྲིལ་སྒྲོག་བྱ་གཞག་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་བསམ་བློའི་སྣེ་ཁྲིད། རིག་གནས་རྒྱུན་འཛིན། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཁྱབ་སྤེལ་མཐོ་ཚད་དམ་འཛིན་བྱེད་པ། གསར་གཏོད་དམ་སྲུང་བཅས་བྱས་ཏེ་ཏང་གི་བོད་འབྲེལ་དྲིལ་སྒྲོག་གི་ཁྱབ་སྤེལ་ནུས་པ་དང་ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ནུས། ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་སྔར་བས་མཐོ་རུ་གཏོང་དགོས།
            མཇུག་མཐར།< ཀྲུང་གོའི་བོད་ལྗོངས་>དུས་དེབ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་ཇེ་ལེགས་ཇེ་རྒྱས་སུ་འགྲོ་བའི་སྨོན་འདུན་ཞུ།།