2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་ཟ་ཁང་མཐུན་ཚོགས་ཀྱིས་ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་པ་དབུལ་པོར་རོགས་སྐྱོར་བྱས་པ།

སྤེལ་དུས 2019-12-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་10པའི་ཟླ་དཀྱིལ་དུ། རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་ཟ་ཁང་མཐུན་ཚོགས་ཀྱི་ཚོགས་གཙོ་ཁྲུའུ་ལི་ཆུན་གྱིས་ལས་བྱེད་མི་སྣ་དང་རྩལ་ནུས་སློབ་གསོའི་དགེ་རྒན་བཅས་པའི་མི་སྣ་10ལྷག་ཙམ་སྣེ་ཁྲིད་དེ་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དང་གོ་འཇོ་རྫོང་དུ་མཐུན་ཚོགས་ཀྱིས་སྒྲུབ་འགན་ཁུར་བའི་ཀྲུང་དབྱང་ནོར་སྲིད་བོད་རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་ཟ་ཁང་ལས་རིགས་མཐུན་ཚོགས་ཀྱིས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དང་གོ་འཇོ་རྫོང་གི་མཐའ་མཚམས་ཞིང་འབྲོག་དབུལ་པོའི་བོད་བཟོའི་བཟའ་བཏུང་ལས་གཏོད་སློབ་གསོ་འཕེལ་རྒྱས་ཀྱི་དཔེ་སྟོན་རྣམ་གྲངས་ལ་རོགས་སྐྱོར་བྱས་པ་རེད། 
         ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་ཝང་དབྱིང་ཧུང་སྐུ་དངོས་ཀྱིས་བྲག་གཡབ་རྫོང་དང་གོ་འཇོ་རྫོང་དུ་ལས་དོན་མཛུབ་ཁྲིད་གནང་བར་ཕེབས་རོགས་བྱས་པ་དང་། རྫོང་དེ་གཉིས་ཀྱི་རྫོང་ཨུད་དང་རྫོང་སྲིད་གཞུང་། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས། རྫོང་སྤྱི་ཁྱབ་བཟོ་ཚོགས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་བཅས་ཀྱི་འགོ་ཁྲིད་ཀྱིས་ཚད་མཐོའི་མཐོང་ཆེན་གནང་ཞིང་ལས་དོན་མཐུན་སྦྱོར་གནང་པར་བརྟེན་རྣམ་གྲངས་བདེ་བླག་ངང་ལག་བསྟར་ཐུབ་པར་ཁག་ཐེག་གནང་པ་རེད། 
         ད་རེས་ཀྲུང་དབྱང་ནོར་སྲིད་བོད་རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་ཟ་ཁང་མཐུན་ཚོགས་ཀྱིས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དང་གོ་འཇོ་རྫོང་གི་མཐའ་མཚམས་ཞིང་འབྲོག་དབུལ་པོའི་བོད་བཟོའི་བཟའ་བཏུང་ལས་གཏོད་སློབ་གསོ་འཕེལ་རྒྱས་ཀྱི་དཔེ་སྟོན་རྣམ་གྲངས་ལ་ཞུགས་པའི་སློབ་མ་ཁྱོན་100ཡོད་ཅིང་། དེ་དག་ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དང་ཡུལ་གཞན་དུ་གནས་སྤོས་བྱས་པའི་ཞིང་འབྲོག་པ་ཡིན་པ་དང་ཁོ་ཚོར་དུས་ཡུན་ཉིན་15ཡི་རྨང་གཞིའི་སློབ་གསོ་དང་ཉིན་30ཡི་དོན་དངོས་བཀོལ་སྤྱོད་བྱེད་སྟངས། དུད་ཚང་དུ་བསྐྱོད་དེ་སློབ་སྦྱོང་ ལ་མཛུབ་ཁྲིད་བཅས་བྱས་པ་རེད། 
         ཁྲུའུ་ལི་ཆུན་གྱིས་འགོ་ཚུགས་མཛད་སྒོའི་ཐོག  ད་རེས་ཀྱི་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་བྲག་གཡབ་རྫོང་དང་གོ་འཇོ་རྫོང་གི་མཐའ་མཚམས་ཀྱི་ཞིང་འབྲོག་མང་ཚོགས་དབུལ་པོར་ཆེད་ལས་དང་བརྒྱུད་རིམ་ལྡན་པའི་སློབ་སྦྱོང་གི་གོ་སྐབས་ཐོབ་པ་དང་། དུད་ཚང་དབུལ་པོའི་བསམ་བློ་བཅོས་སྒྱུར་ལ་རོགས་རམ་བྱེད་པ། ལས་གཏོད་ཀྱི་འདུན་པ་ཡོད་པའི་ཞིང་འབྲོག་པས་ལས་གཏོད་བྱ་རྒྱུར་སྣེ་ཁྲིད་བཅས་བྱས་ནས་ཁོང་ཚོར་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པར་བྱ་རྒྱུ་དང་། ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་བཏང་བ་མ་ཟད། ཉེ་འཁོར་གྱི་མང་ཚོགས་དབུལ་པོ་ས་ཆ་དེ་རང་དུ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཏེ་དབུལ་སྐྱོར་གནད་འཁེལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།