ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གཞིས་རྩེ་གྲོང་ཁྱེར་གྱི་མཐོ་རིམ་སློབ་གླིང་དང་པོ་དེ་སྐྲུན་འགོ་ཚུཊ།

སྤེལ་དུས 2024-03-25 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
            ཟླ3པའི་ཚེས18ཉིན། གཞིས་རྩེའི་ལས་རིགས་ལག་རྩལ་སློབ་གླིང་གི་རྣམ་གྲངས་ལས་འགོ་འཛུགས་པའི་མཛད་སྒོ་དེ་གཞིས་རྩེ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དུ་གཉེར་བ་དང་། དེའི་ཐོག་ནས་གཞིས་རྩེར་མཐོ་རིམ་སློབ་གླིང་དང་པོ་དེ་བསྐྲུན་རྒྱུ་དང་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུ་ཡིན་པ་མཚོན་ཞིང་། སྔོན་དཔག་བྱས་ན2025ལོའི་ཟླ7པར་རྣམ་གྲངས་དེ་ལས་མཇུག་འགྲིལ་བཟོ་ཡོད་པ་རེད།

            གཞིས་རྩེའི་ལས་རིགས་ལག་རྩལ་སློབ་གླིང་གི་རྣམ་གྲངས་འདིའི་དུས་ཐེངས་དང་པོར་ཁྱོན་མ་དངུལ་སྒོར་དུང་ཕྱུར14.6བཏང་སྟེ། “ཐེངས་གཅིག་རང་བཞིན་གྱི་འཆར་འགོད་དང་དུས་མཚམས་དབྱེ་ནས་ལག་བསྟར”བྱེད་པའི་ཐབས་ཇུས་ལ་གཞིགས་ཏེ་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད། 2024ལོར་སྒོར་དུང་ཕྱུར5བཏང་བ་དང་། ས་ཁྱོན་མུའུ577.52སྤྱོད་པ། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་མ90510.84ཟིན་པ། རྣམ་གྲངས་དེ་བསྐྲུན་གྲུབ་རྗེས་སློབ་མ2400ཡིས་སློབ་སྦྱོང་བྱེད་པ་དང་འཚོ་བ་སྐྱེལ་བའི་དགོས་མཁོ་སྐོང་རྒྱུ་རེད།
            ཐེངས་དང་པོར་སྒྲིག་འགོད་བྱ་རྩིས་ཡོད་པའི་བོད་ལུགས་གསོ་རིག་དང་། ནད་ཞབས་རིག་པ། ཕྲུ་གུ་དམར་འབྱར་དང་བྱིས་པ་བཅོལ་སྐྱོང་ཞབས་ཞུ་དང་དོ་དམ། དེང་རབས་ཞིང་ལས་ལག་རྩལ། དེང་རབས་ཟོག་འགྲེམས་དོ་དམ། རླངས་འཁོར་ཞིབ་དཔྱད་དང་ཉམས་གསོ་ལག་རྩལ་བཅས་ཆེད་ལས་ཁག6གི་སློབ་མ800བསྡུ་རྒྱུའི་འཆར་གཞི་ཡོད།

            གཞིས་རྩེ་གྲོང་ཁྱེར་གྱི་མཐོ་རིམ་སློབ་གླིང་དང་པོ་དེ་ཡིན་པའི་ཆ་ནས་རྣམ་གྲངས་དེ་བསྐྲུན་གྲུབ་རྗེས་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མ་ཕྱིར་འགྲིམས་དཀའ་བའི་གནད་དོན་ནུས་ལྡན་ངང་ཞི་ལྷོད་དུ་གཏོང་རྒྱུ་དང་། བོད་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་སློབ་མའི་གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་འགལ་ཟླར་ལེགས་བཅོས་ཐུབ་པ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་ཞབས་འདེགས་དང་མཐའ་མཚམས་སྟོབས་ཆེ་དང་། མཐའ་མཚམས་བརྟན་སྲུང་། མཐའ་མཚམས་དར་རྒྱས་བཅས་ལ་ཞབས་འདེགས་ཞུས་ཏེ། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་སྤུས་ལེགས་སློབ་གསོའི་དགོས་མཁོ་སྐོང་རྒྱུ་རེད།


རྩོམ་སྒྲིག་པ། རིག་གྲོལ།