ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཨུ་རུ་སུར་མེ་མདའི་དོན་རྐྱེན་བྱུང་སྟེ་མི40རྐྱེན་ལམ་དུ་ཤོར་པ།

སྤེལ་དུས 2024-03-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

              ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་ཉེ་འདབས་ཀྱི་ཁེ་ལ་སི་ནོ་ཀེར་སི་ཁེ་གྲོང་ཁྱེར་གྱི་རོལ་དབྱངས་ཚོམས་ཆེན་ཞིག་ཏུ་ཚེས22ཉིན་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་།  ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུས་ཀྱིས་ཐོག་མའི་བསྡོམས་རྩིས་ལྟར་ན།  མེ་མདའ་བརྒྱབ་པའི་དོན་རྐྱེན་ཁྲོད་དུ་མི40རྐྱེན་ལམ་དུ་ཤོར་བ་དང་།   མི100ལྷག་ཙམ་ལ་རྨས་སྐྱོན་བཟོས།  
              ཚེས22ཉིན་གྱི་དགོང་མོར།  ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུས་ཀྱིས་མེ་མདའ་བརྒྱབ་པའི་དོན་རྐྱེན་དེ་མོ་སི་ཁོའི་ནུབ་བྱང་གི“ཁེ་ལུའོ་ཁུའུ་སི་གྲོང་ཁྱེར”གྱི་རོལ་དབྱངས་ཚོམས་ཆེན་དུ་བྱུང་བ་དང་། སྐབས་དེ་དུས་རོལ་ཆ་རུ་ཁག་ཅིག་གིས་དེ་རུ་རོལ་དབྱངས་འདུ་ཚོགས་འཚོག་བཞིན་ཡོད་ཅེས་བཤད།   
              ཨུ་རུ་སུའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན།  མེ་མདའ་རྒྱག་མཁན་མི་གསུམ་ཡོད་པ་དང་།  ཁོ་ཚོའི་ཐོབ་ཐང་ཅི་ཞིག་ཡིན་པ་གསལ་ཁ་མ་ངེས་མོད།  ལུས་ལ་ཚོན་མདོག་ལྡན་པའི་ལྭ་བ་གྱོན་ཡོད་པ་དང་།   ཁོ་ཚོས་ད་དུང་ལག་འབོམ་དང་འབར་རྫས་དབྱུག་པས་མེ་སྐྱོན་ཡང་བྱུང་བ་རེད།  
              ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་དེ་མ་ཐག་ཡུལ་དངོས་སུ་འབྱོར་དུས།  ཉེན་རྟོག་པ་མང་པོ་ཞིག་གིས་སྒྲིག་ལམ་སྲུང་སྐྱོང་བྱེད་བཞིན་འདུག   མེ་མུ་མཐུད་དུ་འབར་བཞིན་ཡོད་པས་དུ་བའང་ལོང་དུ་འཕྱུར་བཞིན་འདུག་ཅིང་།   ཁང་ཀླད་དག་རྡིབ་ལ་ཉེ།   མེ་གསོད་མི་སྣས་མེ་གསོད་བཞིན་ཡོད་པ་དང་།  ཐད་འཕུར་གནམ་གྲུ་འང་མཚམས་མཚམས་སུ་མཁའ་དབྱིངས་ནས་འཕུར་བཞིན་འདུག
              ཨུ་རུ་སུའི་ཛ་དྲག་གནས་ཚུལ་པུས་མེ་ཟོན་སྡེ་ཚན་གྱིས་ཉེན་གྱར་མི་སྣར་རོགས་སྐྱོབ་བྱེད་བཞིན་ཡོད་པ་དང་།  “ཁེ་ལུའོ་ཁུའུ་སི་གྲོང་ཁྱེར”གྱི་རོལ་དབྱངས་ཚོམས་ཆེན་ནས་མི100ལྷག་ཙམ་བསྐྱབས་ཡོད་ཅེས་བཤད་པ་རེད།   

ཟླ3པའི་ཚེས22ཉིན།  ཨུ་རུ་སུའི་མོ་སི་ཁོའི་ཉེ་འདབས་ཀྱི་ཁེ་ལ་སི་ནོ་ཀེར་སི་ཁེ་གྲོང་ཁྱེར་དུ།  འཕྲལ་སྡོམ་མི་སྣས་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་སྐབས་ཀྱི་རོལ་དབྱངས་ཚོམས་ཆེན་གྱི་ཉེ་འགྲམ་དུ་ལས་ཀ་བྱེད་བཞིན་ཡོད་པ།  
              ཚེས་22ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས།  ཉིན་དེར“ཁེ་ལུའོ་ཁུའུ་སི་གྲོང་ཁྱེར”ཞེས་པའི་རོལ་དབྱངས་ཚོམས་ཆེན་དུ་བྱུང་བའི་མེ་མདའ་བརྒྱབ་པའི་དོན་རྐྱེན་ནི་འཇིགས་སྐུལ་གྱི་འཇབ་རྒོལ་ཞིག་རེད་ཅེས་བཤད་པ་རེད།   ཨུ་རུ་སུའི་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།  མོ་སི་ཁོའི་གནམ་ཐང་ཆེན་མོ་གསུམ་ཏེ།  ཤེ་ལེ་མེ་ཅེ་ཝོ་དང་།  ཧྥུའུ་ནུའུ་ཁོ་ཝུའུ།  ཏོ་མོ་ཅེ་ཏོ་ཝོ་སོགས་ཀྱིས་ཉིན་དེར་བདེ་སྲུང་བྱེད་ཤུགས་ཆེ་རུ་བཏང་ཞིང་།   གནམ་ཐང་གི་མྱུར་བགྲོད་ལམ་ཐིག་གི་བདེ་འཇགས་ཞིབ་བཤེར་རིམ་སྤོར་བྱས་ཟིན།   འོན་ཀྱང་འཁོར་སྐྱོད་སྔར་བཞིན་རྒྱུན་ལྡན་ཡིན་པ་རེད།  
              མོ་སི་ཁོའི་ཧྲི་ཀྲང་སུའོ་པི་ཡ་ཉིང་གིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་འཚམས་འདྲི་ཞུས་པ་དང་འབྲེལ། རྨས་མར་དགོས་ངེས་ཀྱི་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བསྒྲགས།  དེའི་རྗེས་སུ།  སུའོ་པི་ཡ་ཉིང་གིས་མོ་སི་ཁོ་གྲོང་ཁྱེར་གྱིས་གཟའ་འཁོར་འདིའི་གཟའ་མཇུག་གི་མང་ཚོགས་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་ཚང་མ་མེད་པ་བཟོ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།  

རྩོམ་སྒྲིག་པ། རིག་གྲོལ།