ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

འདི་ལོ་བོད་ལྗོངས་ཀྱིས་རིག་དངོས་སྲུང་སྐྱོབ་ཐད་ལས་དོན་འདི་དག་བསྒྲུབ་རྩིས་འདུག

སྤེལ་དུས 2024-04-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       གསར་འགོད་པར་སྤྱི་ཟླ་3ཚེས་30ཉིན་སྐོང་འཚོགས་བྱས་པའི་བོད་ལྗོངས་ཀྱི་རིག་དངོས་ཅུད་ཀྲང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོ་བོད་ལྗོངས་ཀྱིས་རིག་དངོས་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་མཐའ་ཚད་ལ་བརྩིས་ནས་རིག་དངོས་བདེ་འཇགས་ཀྱི་ཕུགས་ཕན་ལམ་སྲོལ་མུ་མཐུད་འཐུས་ཚང་དུ་གཏོང་རྒྱུ་ཡིན། རིག་དངོས་སྲུང་སྐྱོབ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་གཙོ་གནད་དུ་བྱས་ཏེ་རིག་དངོས་ལས་དོན་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་རྒྱུ་ཡིན་ཏེ། ༼ས་མཐོའི་གནའ་རྫས་རྟོག་ཞིབ་ཆེ་མོ༽ལ་བརྟེན་ནས་གནའ་རྫས་རྟོག་ཞིབ་སྔོག་འཚོལ་གྱི་ཞིབ་འཇུག་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། རིག་དངོས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ནས་རིག་དངོས་ཐོན་ཁུངས་གཞན་སྒྱུར་གྱི་ལམ་བུ་རིམ་པས་རྒྱ་ཆེར་གཏོང་བ། གསར་བརྗེའི་རིག་དངོས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱ་རྒྱུ་གཞི་རྟེན་དུ་བྱས་ཏེ་སྲུང་སྐྱོང་དང་བེད་སྤྱོད་བྱེད་པར་གཅིག་གྱུར་ཐོག་སྐུལ་འདེད་གཏོང་བ། རིག་དངོས་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་རྒྱུ་འདེགས་སྐྱོར་དུ་བྱས་ཏེ་རིག་དངོས་བྱ་གཞག་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་ཆུ་ཚད་མཐོ་རུ་གཏོང་བ། འགན་འཁྲི་དོན་འཁྱོལ་དང་དཔུང་ཁག་འཛུགས་སྐྱོང་འགན་སྲུང་དུ་བྱས་ནས་རིག་དངོས་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་རྨང་གཞི་འདིང་བ་སོགས་བྱ་རྒྱུ་ཡིན།