ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

​གནམ་མཚོའི་ས་ཁོངས་སྒྲོལ་བའི་ཡུལ་སྐོར་མཉམ་ལས་ཐད་གོམ་པ་གསར་པ་སྤོས་པ།

སྤེལ་དུས 2024-04-01 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
འདི་ནི་དགུན་དུས་ཀྱི་གནམ་མཚོ་ཡིན་པ།
  ཟླ་བ་3པའི་གནམ་མཚོའི་མཛེས་ལྗོངས་ཁུལ་དུ་གྲང་ངར་ཆེ་ཡང་ཡུལ་སྐོར་གྱི་ཚ་རླབས་འཕྱུར་འགོ་ཚུགས་ཡོད། ཉེ་ཆར། གསར་འགོད་པ་གནམ་མཚོའི་མཛེས་ལྗོངས་ཁུལ་དུ་སྐྱོད་སྐབས། ལྗོངས་ཕྱིའི་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་མཚོའི་དར་ཁ་མ་ཞིག་པའི་གོ་སྐབས་དང་བསྟུན་ནས་སྒེར་འཁོར་བཏང་སྟེ། ཡུལ་སྐོར་དུ་ཡོང་ནས་གནམ་མཚོའི་ཉི་འོད་ཀྱི་མཛེས་ལྗོངས་ཉམས་སུ་མྱོང་བཞིན་ཡོད་པ་མཐོང་བྱུང་། ཉེ་འགྲམ་གྱི་འབྲོག་པ་མང་ཚོགས་ཚོས་ཀྱང་གཡག་དཀར་པོ་དང་། རྟ། ལུག་ཕྲུག་སོགས་ཁྲིད་དེ་ཡུལ་སྐོར་བ་དང་པར་བརྒྱབ་པར་ཉིན་རེར་ཡོང་འབབ་སྒོར་བརྒྱ་ཉིས་བརྒྱ་རག་གི་ཡོད།
  གནམ་མཚོ་ནི་བོད་རང་སྐྱོང་ལྗོངས་ཀྱི་དབུས་རྒྱུད་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དང་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཁོངས་སུ་གནས་ཤིང་། རང་བྱུང་མཛེས་ལྗོངས་དམིགས་བསལ་ཆེ་བ་དང་། རིག་གནས་ཀྱི་རྨང་གཞི་ཟབ་པ། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཡོད། དུས་ཡུན་རིང་པོའི་ནང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་ཁྱབ་ཁོངས་ཁག་གི་ཚན་རིག་ལས་དོན་པའི་དོ་ཁུར་ཆེན་པོ་ཐོབ་ཡོད། དེ་ནི་འཛམ་གླིང་རིམ་པའི་ཡུལ་སྐོར་དམིགས་ས་གྲགས་ཅན་ཞིག་རེད་ལ། མཚོ་བོད་ཚན་རིག་རྟོག་ཞིབ་ཀྱི་ས་ཁོངས་གལ་ཆེན་ཞིག་ཀྱང་རེད།
  ལྷ་ས་དང་ནག་ཆུ་གྲོང་ཁྱེར་གཉིས་དང་། འདམ་གཞུང་དང་དཔལ་མགོན་རྫོང་གཉིས་ཀྱིས་གནམ་མཚོའི་མཛེས་ལྗོངས་ཁུལ་མཉམ་སྐྲུན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཚོགས་འདུ་ཐེངས་མང་འཚོགས་ཏེ་ས་ཁོངས་ཀྱི་མཉམ་ལས་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་ཡོད། ཉེ་ཆར། ལྷ་ས་དང་ནག་ཆུ་གྲོང་ཁྱེར་གཉིས་ཀྱིས་གནམ་མཚོའི་སྐྱེ་ཁམས་སྲུང་སྐྱོང་དང་མཚོ་སྐོར་ཡུལ་སྐོར་གསར་སྤེལ་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་A5རིམ་པའི་མཛེས་ལྗོངས་ཁུལ་འཛུགས་གཏོད་ཀྱི་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་གསར་སྤེལ་དང་སྲུང་སྐྱོང་གལ་ཆེ་མཉམ་དུ་འཛིན་པ་མཐའ་འཁྱོངས་ཀྱིས་མཛེས་ལྗོངས་ཁུལ་གྱི་སྔར་ཡོད་རྣམ་པ་དང་འཐུས་ཚང་རང་བཞིན་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རྒྱུན་འཁྱོངས་དང་། བཀོད་སྒྲིག་ལེགས་སུ་གཏོང་བ། མཚོ་སྐོར་གདུབ་ཟུམ་ཆགས་པར་བྱེད་པ། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། ལྗོངས་ཡོངས་ཀྱི་ས་མཐོའི་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་དཔེ་སྟོན་ལས་གྲྭ་ཧུར་ཐག་སྐྲུན་པ་བཅས་བྱས་ནས་གནམ་མཚོ་འདི་ཉིད་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཚད་ཆེན་པོ་ལྡན་པའི་ས་མཐོའི་ཁྱད་ལྡན་མཛེས་ལྗོངས་ཁུལ་རྩེ་གྲ་ཞིག་ཏུ་མཉམ་སྐྲུན་བྱེད་པ་སྔར་བས་ཁ་གསལ་བཏོན་ཡོད།