ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་དང་ཧྲེན་ཀྲེན་གྱི་མཉམ་ལས་ལ་ཁོང་རྣམ་གཉིས་ཀྱིས་་་

སྤེལ་དུས 2024-04-07 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

            ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཧྲེན་ཀྲེན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཐན་ཝེ་ཀྲུང་བཅས་པ་དང་མཇལ་འཛོམས་གནང་བ་དང་འབྲེལ་བཞུགས་མོལ་ཡང་གནང་བ་རེད།

 

བཞུགས་མོལ་ཚོགས་འདུ་འཚོག་ཡུལ། 

          ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཐན་ཝེ་ཀྲུང་བཅས་པ་བོད་ལྗོངས་སུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་རེད། 

         ཝང་ཅུན་ཀྲེང་གིས་བསྟན་དོན། ཧྲེན་ཀྲེན་ནི་རང་རྒྱལ་གྱི་སྒྱུར་བཅོས་ཀྱི་མདུན་ཕྱོགས་དང་ཕྱི་ཕྱོགས་སྒོ་དབྱེའི་སྐར་ཁུང་ཞིག་ཡིན་པས། ལོ་མང་རིང་རྒྱལ་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། བོད་ལྗོངས་ཀྱི་ལས་དོན་ལ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ནང་གལ་འགངས་ཤིན་ཏུ་ཆེ་བའི་འཐབ་ཇུས་ཀྱི་གནས་བབ་ལྡན་ཡོད། བོད་ལྗོངས་ལ་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པ་དང་། ཐོན་ཁུངས་ཕུན་སུམ་ཚོགས་པ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་བ་བཅས་ཡོད་པས། ཕྱོགས་གཉིས་པོའི་མཉམ་ལས་ལ་མདུན་ལམ་ཆེན་པོ་ལྡན་ཡོད། བོད་ལྗོངས་དང་ཧྲེན་ཀྲེན་ས་གནས་གཉིས་ཀྱིས་སྔར་རྒྱུན་བཞིན་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལེགས་ཆ་གསབ་རེས་དང་དགེ་སྤེལ་སྐྱོན་སྤོང་གིས་གཉིས་ཁེ་འཕེལ་རྒྱས་ཡོང་བའི་རེ་བ་བྱེད་ཀྱི་ཡོད། 

བཞུགས་མོལ་ཚོགས་འདུ་འཚོག་ཡུལ། 

         ཐན་ཝེ་ཀྲུང་གིས་ཧྲེན་ཀྲེན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་དང་། བོད་ལྗོངས་ཀྱིས་ཧྲེན་ཀྲེན་གྱི་སྒྱུར་བཅོས་སྒོ་དབྱེ་དང་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་གསུངས་དོན། ཧྲེན་ཀྲེན་གྱིས་བོད་ལྗོངས་ཀྱི་ལས་དོན་དང་ཁ་གཏད་རོགས་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀོང་ཏུང་དང་བོད་ལྗོངས་ཀྱི་སྤྱི་འདོམས་བཀོད་སྒྲིག་ལྟར། བརྩེ་སེམས་འཆང་བ་དང་ནུས་ཤུགས་བཏོན་ནས་ཁ་གཏད་བོད་སྐྱོར་གྱི་ལས་འགན་ཁག་ལེགས་པར་སྒྲུབ་པ་དང་། དམངས་འཚོའི་རོགས་སྐྱོར་དང་། ཐོན་ལས་རོགས་སྐྱོར། ཤེས་ལྡན་མི་སྣའི་རིག་ནུས་རོགས་སྐྱོར། རིག་གནས་སློབ་གསོའི་རོགས་སྐྱོར་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ། ནུས་རྒྱུ་གཙང་མ་དང་། གསོག་ནུས་གསར་པ། ཞིང་འབྲོག་ཐོན་རྫས། རིག་གནས་ཡུལ་སྐོར། རིག་ལྡན་གྲོང་ཁྱེར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ནུས་རྒྱུའི་མ་ལག་གསར་པ་དང་གློག་ཤུགས་མ་ལག་གསར་པ་འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་གསར་པ་མཁོ་འདོན་བྱེད་ཀྱི་ཡིན།