ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལམ་རྙིང་ལམ་ཆེན་ལ་འགྱུར་བ།

སྤེལ་དུས 2024-04-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གནས་མགོ་གྲོང་ཚོ་ནས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་བར་གྱི་ལམ་རྙིང་པ་ཡིན་པ།
རླངས་འཁོར་ཤར་གཏོང་ཐུབ་ཉེར་ཡོད་པའི་བོད་ལྗོངས་S5མྱུར་བགྲོད་གཞུང་ལམ་ཡིན་པ།
        ད་ཆ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་ནས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་བར་ཁྱོན་རིང་ཚད་ལ་སྤྱི་ལེ་47.46ཡོད་པའི་བོད་ལྗོངས་S5ཡི་མྱུར་བགྲོད་གཞུང་ལམ་སྔོན་དཔག་བྱས་ན་འདི་ལོའི་ཟླ་བ་བདུན་པར་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད། རླངས་འཁོར་ཤར་གཏོང་ཐུབ་རྗེས། ལྷོ་ཁ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་བར་གྱི་ལམ་ཚད་ཆུ་ཚོད་གཅིག་ལས་འགོར་གྱི་མེད་པས་ས་གནས་གཉིས་ཀྱི་མང་ཚོགས་ཕྱིར་སྐྱོད་བྱེད་པར་སྟབས་བདེ་ཡོང་རྒྱུ་མ་ཟད། ལྷ་ས་དང་ལྷོ་ཁའི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགྲིམ་འགྲུལ་གྱི་འགན་ལེན་ཐུབ་རྒྱུ་རེད།