ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སང་ཉིན་ནས་ཉིང་ཁྲིར་རྒྱལ་སྤྱིའི་འགྲན་བསྡུར་ཞིག་གཉེར་རྒྱུ་རེད།

སྤེལ་དུས 2024-04-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུད་ཆུ་ཐོག་ལུས་རྩལ་དོ་དམ་ལྟེ་གནས་དང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུད། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ནས་གཙོ་གཉེར་བྱས་པའི་སྤྱི་ལོ་2024ལོའི་བོད་ལྗོངས་ཉིང་ཁྲིའི་གནམ་ལྕགས་འབར་བའི་ས་མཐོའི་ལུས་རྩལ་ཚོགས་ཆེན་ཏེ་སྟེ་བྲག་གསུམ་མཚོའི་ཆུ་ཐོག་གཡེང་རྒྱུག་འགྱིག་གྲུའི་ཡོངས་བསྒྲགས་འགྲན་བསྡུར་དེ་སྤྱི་ཟླ་4ཚེས་19ཉིན་ནས་ཚེས་21ཉིན་བར་བྲག་གསུམ་མཚོའི་ཀ་པ་རིམ་པ་ལྔའི་གྲགས་ཅན་མཛེས་ལྗོངས་ཁུལ་དུ་གཉེར་རྒྱུ་རེད་འདུག

       ངོ་སྤྲོད་བྱས་པ་ལྟར་ན། ད་ཐེངས་ཀྱི་འགྲན་བསྡུར་ནང་ཁྱོན་རུ་ཁག་32དང་རུ་མི་128ཞུགས་ཡོད། འགྲན་བསྡུར་ནང་སྨི་200ཡི་མི་གཉིས་ཅན་གྱི་ཆུ་ཐོག་གཡེང་རྒྱུག་འགྱིག་གྲུའི་མྱུར་ཚད་འགྲན་བསྡུར་དང་། སྤྱི་ལེ་བརྒྱད་ཀྱི་མི་བཞི་ཅན་གྱི་ཆུ་ཐོག་གཡེང་རྒྱུག་འགྱིག་གྲུའི་ཐག་རྒྱུགསརིང་འགྲན་བསྡུར།  སྤྱི་ལེ་གསུམ་གྱི་མི་བཞི་ཅན་གྱི་ཆུ་ཐོག་གཡེང་རྒྱུག་འགྱིག་གྲུའི་སྐོར་འགྲན་བཅས་བཀོད་སྒྲིག་བྱས་ཡོད།

       བྲག་གསུམ་མཚོ་རྒྱལ་སྤྱིའི་ཆུ་ཐོག་གཡེང་རྒྱུག་འགྱིག་གྲུའི་ཡོངས་བསྒྲགས་འགྲན་བསྡུར་ནི་ཆེད་ལས་རྩལ་འགྲན་དང་མང་ཚོགས་ཞུགས་ཚད་མང་ཆེ་བའི་ཆུ་ཐོག་ལུས་རྩལ་གྱི་རྒྱས་འཛོམས་ཤིག་རེད། ལུས་རྩལ་རྩལ་འགྲན་འགྲན་བསྡུར་གཉེར་བ་བརྒྱུད་དེ་བོད་ལྗོངས་ཀྱི་ས་མཐོའི་ཁྱད་ལྡན་ལུས་རྩལ་ཡུལ་སྐོར་ཐོན་ལས་གཏོད་པ་དང་། ས་གནས་ཀྱི་ལུས་རྩལ་འགྲན་བསྡུར་བྱེད་སྒོའི་སྤུས་རྟགས་གསོ་སྤེལ་བྱས་ཏེ་ས་གནས་ཀྱི་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་དང་། བོད་ལྗོངས་ཀྱི་ལུས་རྩལ་དང་རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་ཐོག བོད་ལྗོངས་ཀྱི་རང་བྱུང་མཛེས་པ་དང་ལོ་རྒྱུས་རིག་གནས་ཕྱི་ཕྱོགས་སུ་ངོ་སྤྲོད་འོས་སྦྱོར་བྱ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད།