ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་ཕ་རི་སིར་ཕེབས་འབྱོར་ཟིན་ནས་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་གནང་བ།

སྤེལ་དུས 2024-05-07 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཕ་རི་སིར་ཕེབས་འབྱོར་ཟིན་ནས། ཧྥ་རན་སེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཁེ་ལུང་གི་གདན་ཞུས་ལྟར་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་གནང་བ་རེད། ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཕ་རི་སིའི་ཨའོ་ལི་གནམ་ཐང་དུ་འབྱོར་སྐབས་ཧྥ་རན་སེའི་ཙུང་ལི་ཨ་ཐར་སོགས་ཧྥ་རན་སེའི་སྲིད་གཞུང་གི་མཐོ་རིམ་འཐུས་མིས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་བཞིན་པ།
          ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཕ་རི་སིར་ཕེབས་འབྱོར་ཟིན་ཏེ། ཧྥ་རན་སེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཁེ་ལུང་གི་གདན་ཞུས་ལྟར་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་གནང་བ་རེད།
          ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཕ་རི་སིའི་ཨའོ་ལི་གནམ་ཐང་དུ་འབྱོར་སྐབས་ཧྥ་རན་སེའི་ཙུང་ལི་ཨ་ཐར་སོགས་ཧྥ་རན་སེའི་སྲིད་གཞུང་གི་མཐོ་རིམ་འཐུས་མིས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་པ་རེད།
          ཞི་ཅིན་ཕིང་གིས་ཡིག་ཐོག་གི་གསུང་བཤད་གནང་ཞིང་། ཁོང་གིས་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་ཐེངས་གསུམ་པ་བྱ་རྒྱུ་བྱུང་བ་དང་། ཧྥ་རན་སེའི་མི་དམངས་དང་མཉམ་དུ་ཀྲུང་ཧྥའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་རྒྱུ་བྱུང་བར་ང་རང་ཧ་ཅང་དགའ་པོ་བྱུང་། ཤར་ནུབ་ཕྱོགས་ཀྱི་ཤེས་དཔལ་གྱི་འཐུས་ཚབ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཀྲུང་ཧྥའི་དབར་དུས་ཡུན་རིང་པོའི་ནང་ཕན་ཚུན་ཡི་རངས་དང་དགའ་ཞེན་བྱེད་ཀྱི་ཡོད། ལོ་60ཡི་གོང་། ཀྲུང་ཧྥ་རྒྱལ་ཁབ་གཉིས་ཀྱིས་འཇམ་འཐབ་ཀྱི་འཆིང་རྒྱ་ལས་བསྒྲལ་ནས་གཞུང་ཚབ་ཆེ་མོ་བ་རིམ་པའི་ཕྱི་འབྲེལ་བཙུགས་ཡོད། ལོ་60ཡི་རིང་། ཀྲུང་ཧྥའི་དབར་གྱི་འབྲེལ་བ་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་དབར་གྱི་འབྲེལ་བའི་མདུན་གྲལ་དུ་སྐྱོད་བཞིན་ཡོད། ཀྲུང་ཧྥའི་འབྲེལ་བ་འཕེལ་རྒྱས་ཕྱིན་པ་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་བསྐྲུན་པ་མ་ཟད། ཟིང་ཆ་ཆེ་བའི་འཛམ་གླིང་ལ་བརྟན་བརླིང་རང་བཞིན་དང་དྲང་ནུས་ཀྱང་བསྣན་ཡོད། འཚམས་འདྲི་བྱེད་རིང་ངས་ཙུང་ཐུང་མཱ་ཁེ་ལུང་དང་མཉམ་དུ་དུས་བབ་གསར་པའི་འོག་ཀྲུང་ཧྥ་དང་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་དང་དེ་བཞིན་མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ལ་བསམ་འཆར་བརྗེ་རེས་གཏིང་ཟབ་བྱ་རྒྱུ་ཡིན། ངས་ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་སྲ་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ལོ་རྒྱུས་ཀྱི་དཔལ་འབར་ལ་བརྟེན་ནས་མདུན་སྐྱོད་ཀྱི་ལམ་བུ་གསལ་བར་བྱས་ཏེ་ཀྲུང་ཧྥ་འབྲེལ་བའི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་ཞིག་བཏོད་དེ། འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཡོང་བར་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
          ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་སོགས་ཕེབས་རོགས་ཞུ་མཁན་གནམ་གྲུ་གཅིག་ནང་བཞུགས་ཡོད་པ་རེད།
          ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུའུ་ཧྲ་ཡེ་ཡང་གནམ་ཐང་དུ་ཕེབས་བསུར་བཅར་བ་རེད།
          ཞི་ཅིན་ཕིང་རླངས་འཁོར་ནང་བཞུགས་ཏེ་གནམ་ཐང་ནས་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མི་དང་དེ་བཞིན་ཀྲུང་གོའི་ཕྱི་སྦྱོང་སློབ་མས་རང་འགུལ་ངང་ཕེབས་ལམ་གྱི་གཞོགས་གཉིས་སུ་བསྒུགས་ནས“ཀྲུང་ཧྥའི་མཛའ་གྲོགས་ཁྲི་ལོར་བརྟན་པར་ཤོག”དང“ཀྲུའུ་ཞི་ཞི་ཅིན་ཕིང་ཧྥ་རན་སེར་འཚམས་འདྲི་གནང་བར་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་པར་ཤོག”སོགས་འཕྲེད་འགེལ་སྦྱར་ཡིག་དམར་པོ་མཐོན་པོར་བསྒྲེངས་ནས་ཀྲུང་ཧྥའི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་ཕར་གཡུག་ཚུར་གཡུག་བྱེད་པ་དང་། རྔ་རྡུང་བ། སེང་རྩེད་རྩེ་བ་བཅས་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་ཧྥ་རན་སེར་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་པེ་ཅིང་ནས་ཞལ་གྱེས་ཏེ་ཧྥ་རན་སེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཁེ་ལུང་། སར་པི་ཡའི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཝུའུ་ཆི་ཆི། ཧང་ག་རིའི་ཙུང་ཐུང་ཧྲུའུ་ཡིའུ་ཁེ་དང་ཙུང་ལི་ཨོར་པན་བཅས་ཀྱི་གདན་ཞུས་ལྟར་གོང་གསལ་གྱི་རྒྱལ་ཁབ་གསུམ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།
          ཞི་ཅིན་ཕིང་དང་འཚམས་འདྲིར་ཕེབས་རོགས་ཞུ་མཁན་གྲས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་སོགས་ཡོད་པ་རེད།