ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་རྒྱབ་སྐྱོར་ཆེན་པོའི་འོག་ཏུ། ཀྲུང་ལུགས་སྨན་རྫས་སྨན་སྦྱོར་རིལ་བུའི་སྨན་སྦྱོར་ཁང་ཐོག་མ་དེ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བཙུགས། ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཀྲུང་ལུགས་གསོ་རིག་གི་སྒོ་བསྟེན་སྨན་ཁང་གིས་ནད་པར་ཀྲུང་ལུགས་སྨན་རྫས་སྨན་སྦྱོར་རིལ་བུའི་སྨན་ཐོ་ཐོག་མ་སྤྲད་ཅིང་། དེས་རིག་ནུས་ཅན་གྱི་ཀྲུང་ལུགས་སྨན་རྫས་སྨན་སྦྱོར་རིལ་བུའི་སྨན་སྦྱོར་ཁང་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད།
གནད་ལ་འཁེལ་བ་དང་། གཙང་སྦྲ་དོད་པ། ཁ་གསལ་བ།
ཀྲུང་ལུགས་སྨན་རྫས་སྨན་སྦྱོར་རིལ་བུ་ནི་ཀྲུང་ལུགས་སྨན་རྫས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་འོག སྨན་འདུལ་ཐབས་ཀྱི་ཚད་གཞི་དང་མཐུན་པའི་བྲོ་བ་རྐྱང་བའི་སྤུས་ལེགས་ཀྲུང་ལུགས་སྨན་རྫས་ཀྱི་ཉིང་བཅུད་འཐེན་ནས་སྐམ་སྟེ་རིལ་བུ་བཟོ་བ་དང་། སྨན་པ་དཀའ་བཅུ་པས་སྨན་སྦྱོར་སྨན་ཤོག་བྲིས་ནས་སྨན་བླངས་རྗེས་ནད་པས་ཆུ་འཁོལ་གྱིས་བསྟེན་དགོས་ཀྱི་ཡོད་པས། དངོས་པོའི་རྨང་གཞི་དང་ནད་ཐོག་སྨན་བཅོས་ཀྱི་ཕན་ནུས་སྲོལ་རྒྱུན་གྱི་ཐང་སྨན་དང་ཚད་མཐོའི་གཅིག་མཐུན་རྒྱུན་འཁྱོངས་བྱས་ཡོད། དེ་དང་ཆབས་ཅིག་ཏུ་སྨན་གྱི་ནུས་པ་ཡག་ཤོས་ཡོང་བའི་རྨང་གཞིའི་ཐོག་མང་ཉུང་གཅིག་མཚུངས་ཡིན་པའི་ཀྲུང་ལུགས་སྨན་རྫས་ཀྱི་སྨན་འདུལ་གྱིས་ཀྲུང་ལུགས་སྨན་རྫས་ཀྱི་སྨན་སྦྱོར་རིལ་བུ་བཟོས་རྗེས་བོངས་ཚད་ཇེ་ཆུང་དུ་ཕྱིན་ཏེ། འཁྱེར་བདེ་ཉར་བདེ་ཡོད་པ་མ་ཟད། བཟའ་དུས་ཀྱང་སྟབས་བདེ་བ་དང་། བདེ་འཇགས། ནུས་ལྡན་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།
ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཀྲུང་ལུགས་སྨན་རྫས་སྨན་སྦྱོར་རིལ་བུའི་སྨན་སྦྱོར་ཁང་དུ་སྨན་སྒྲོམ་དྲུག(ཤོང་ཚད་ཆེ་བ)གིYH8660Eརིག་ནུས་ཅན་གྱི་སྨན་སྤྲོད་འཕྲུལ་ཆས་བཀོད་སྒྲིག་བྱས་ཡོད་པས། སྒྲིག་ཆས་དེས་རིག་ནུས་ཅན་གྱི་ཀྲུང་ལུགས་སྨན་རྫས་སྨན་སྦྱོར་ཁང་གི་སྤྱི་ཡོངས་ཀྱི་གཉེར་སྐྱོང་ཆ་རྐྱེན་འགན་ལེན་བྱས་ནས། ཀྲུང་ལུགས་སྨན་རྫས་སྨན་སྦྱོར་རིལ་བུའི་སྤུས་ཚད་ལ་ཁག་ཐེག་བྱས་ཡོད། དུས་རབས་གསར་པའི་སྙོམ་སྒྲིག་མ་ལག་ལ་སྙོམ་སྒྲིག་མྱུར་ཚད་མགྱོགས་པ་དང་། སྨན་སྦྱོར་བྱེད་ཚད་དེ་བས་གནད་འཁེལ། བེད་སྤྱོད་དེ་བས་སྟབས་བདེ་བ། སྣོལ་སྡེབ་སྦགས་བཙོག་མེད་པ་བཅས་ཀྱི་ལེགས་ཆ་ཆེན་པོ་བཞི་ལྡན་པ་མ་ཟད། བཀོལ་སྤྱོད་བརྒྱུད་རིམ་ཧྲིལ་པོ་དེ་བས་གནད་ལ་འཁེལ་བ་དང་། གཙང་སྦྲ་དོད་པ། ཁ་གསལ་བ་བཅས་ཀྱང་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཀྲུང་ལུགས་གསོ་རིག་སྨན་བཅོས་ཁང་ནི་པེ་ཅིང་གི་བོད་སྐྱོར་ཆེད་མཁས་པ་དག་གིས་དངོས་སུ་ནད་དཔྱད་སྨན་བཅོས་བྱེད་ཀྱི་ཡོད་པས། རྒྱ་ཆེའི་བོད་ལྗོངས་ཀྱི་མང་ཚོགས་ཚོར་ཕན་བདེ་སྐྲུན་ཡོད། ཀྲུང་ལུགས་སྨན་རྫས་སྨན་སྦྱོར་རིལ་བུའི་སྨན་སྦྱོར་ཁང་དངོས་སུ་སྤྱོད་པའི་ཉིན་དང་པོར། ནད་པ་ཚོས་སྨན་བཅོས་ཞབས་འདེགས་ཞུ་སྟངས་གསར་པ་དེར་ཧ་ཅང་ཡག་པོ་ཡོད་ལུགས་བརྗོད་ཅིང་། ནད་པ་མང་པོ་ཞིག་གིས་སྲོལ་རྒྱུན་གྱི་ཀྲུང་ལུགས་སྨན་ཕྱེ་བསྡུར་ན་འདི་ནི་འཁྱེར་བདེ་བ་མ་ཟད། སྨན་ཚད་ཀྱང་གནད་ལ་འཁེལ་བས་ང་ཚོས་སྨན་གཏོང་སྐབས་དེ་བས་བློ་བདེ་བ་འདུག་ཅེས་བཤད།
བོད་ལྗོངས་ཀྱི་ཀྲུང་ལུགས་སྨན་རྫས་སྨན་སྦྱོར་ཁང་ཐོག་མ་སྤྱོད་འགོ་ཚུགས་པ་དེས་ནད་པར་སྟབས་བདེ་ཞིང་གནད་ལ་འཁེལ་བའི་ཀྲུང་ལུགས་སྨན་རྫས་ཀྱི་ཞབས་འདེགས་ཞུས་པ་མ་ཟད། བོད་ལྗོངས་སུ་ཀྲུང་ལུགས་སྨན་རྫས་རྒྱུན་འཛིན་འཕེལ་རྒྱས་དང་དེང་རབས་ཅན་དང་རིག་ནུས་ཅན་དུ་འགྱུར་བར་ལམ་བུ་གསར་པ་ཞིག་ཀྱང་བཏོད་ཡོད།
རྩོམ་སྒྲིག་པ། དཔལ་གཡང་།