ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་ས་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་ལྷ་སར་འཚོགས་པ།

སྤེལ་དུས 2024-05-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ5པའི་ཚེས18ཉིན་གྱི་སྔ་དྲོ། 2024ལོའི་ལྷ་ས་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་འཚོགས་ཤིང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ལས་རིགས་ཀྱི་ཕུལ་བྱུང་བ་དང་། ཆེད་མཁས་པ་དང་མཁས་དབང་། ཚོང་དོན་ལས་རིགས་ཀྱི་ཕུལ་བྱུང་བ500ལྷག་ཙམ་བཅས“གངས་ལྗོངས་གནའ་གྲོང·གནས་མཆོག་ལྷ་སར”མཉམ་འཛོམས་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱས་ཏེ་མི་རིགས་ཁག་གི་སྤེལ་རེས་དང་འགྲོ་འོང་། མཉམ་འདྲེས་བཅས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་ཁྱབ་ཁོངས་ཁག་གི་མཛའ་གྲོགས་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

བྱེད་སྒོའི་ཡུལ་དངོས།

བྱེད་སྒོའི་ཡུལ་དངོས།
            ལྷ་ས་ནི་ལོ་ངོ1300ལྷག་གི་ལོ་རྒྱུས་ལྡན་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། དེར་ཕུན་སུམ་ཚོགས་པའི་ལོ་རྒྱུས་རྗེས་ཤུལ་དང་། རིག་གནས། བརྗིད་ཆགས་ཆེ་བའི་རང་བྱུང་མཛེས་ལྗོངས་བཅས་ཡོད། བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན། ཡུལ་སྐོར་བས་འདི་གར་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་མྱོང་རོལ་དང་། དམིགས་བསལ་གྱི་ཞིམ་ཟས་རོལ་མྱོང་། བརྗིད་ཉམས་ལྡན་པའི་རང་བྱུང་ཡུལ་ལྗོངས་མྱོང་རོལ་བཅས་བྱས་ནས་དེའི་རིག་གནས་དང་མཛེས་སྡུག་གིས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་ཐུབ། ད་ཐེངས་ཀྱི་བྱེད་སྒོ་འདི་གཉེར་བ་དེས་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཁྱབ་གདལ་གཏོང་བར་ནུས་པ་ཆེན་པོ་ཐོན་ཡོད། “ཡུལ་སྐོར་གསོལ་མགྲོན་ཁང་གི་ལས་རིགས་ཤིག་ཡིན་པའི་ངོས་ནས་རིག་གནས་ཡུལ་སྐོར་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་ཡུལ་སྐོར་ཐོན་ལས་ཧྲིལ་པོ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱེད་པ་དང་སྲིད་གཞུང་གིས་བཏོན་པའི་སྲིད་ཇུས་གཞིར་བཟུང་། ཡུལ་སྐོར་བ་མང་བའི་དུས་ཚིགས་དང་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་སུ་མཁྲེགས་ཆས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་སྐབས་མཉེན་ཆས་ཀྱི་ཞབས་ཞུར་ཤུགས་སྣོན་རྒྱག་དགོས”ཞེས་ལྷ་སའི་གནས་མཆོག་གསོལ་མགྲོན་ཁང་ཆེན་པོའི་སྤྱི་ཁྱབ་ཅིང་ལི་ཀྲའོ་ཐའོ་ཡིས་བཤད། 

རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་ཚོང་ཟོག་འགྲེམས་འཚོང་ཁུལ། 

རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་ཚོང་ཟོག
            ་རྟོགས་བྱུང་བར་གཞིགས་ན། “2024ལོའི་ལྷ་ས་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན”གྱི་བྱེད་སྒོ་རབ་དང་རིམ་པ་དེ་ཟླ5པའི་ཚེས17ཉིན་ནས་འགོ་ཚུགས་པ་དང་བྱེད་སྒོ་དེ་དུས་ཡུན་ཉིན་བཅུ་སྤེལ་རྒྱུ་ཡིན་ཞིང་། བྱེད་སྒོ་སྤེལ་རིང་ད་དུང་གནམ་མཚོར་ཚོང་འགུགས་མ་འདྲེན་དང་ཡུལ་སྐོར་ངོ་སྤྲོད་ཚོགས་འདུ། རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་ཚོང་ཟོག་འགྲེམས་སྟོན་འགྲེམས་འཚོང་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱས་ཏེ་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ནས་ཁྱབ་ཁོངས་ཁག་གི་མཛའ་གྲོགས་མཉམ་ལས་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། རིག་གྲོལ།