ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀྲུང་གོའི་ཡུལ་སྐོར་ཉིན་མོར་སྣ་དཀར་རྩེ་ནས་འཛོམས།

སྤེལ་དུས 2024-05-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ཡུལ་སྐོར་འཕེལ་རྒྱས་གཏིང་ཟབ་བཏང་ནས། ཡ་རབས་ངང་ཡུལ་སྐོར་བྱ་རྒྱུ་དར་སྤེལ་གཏོང་ཆེད། རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་དང་ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། སྣ་དཀར་རྩེ་རྫོང་མི་དམངས་སྲིད་གཞུང་དང་བོད་ལྗོངས་ཆེད་དོན་ཡུལ་སྐོར་མཐུན་ཚོགས་ཀྱིས་སྒྲུབ་འགན་འཁུར་བའི2024ལོའི“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོའི”བོད་རང་སྐྱོང་ལྗོངས་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ལུང་རིང་ལའི་ལྗོངས་གཟིགས་སྟེགས་བུར་གཉེར་བ་དང་། བོད་ལྗོངས་ཀྱི་ས་ཁུལ(གྲོང་ཁྱེར)བདུན་ཚང་མས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས།
             བོད་ལྗོངས་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་དེ་བོད་ལྗོངས་ཀྱི་ཡུལ་སྐོར་ཐོན་ཁུངས་ཧྲིལ་པོ་འོས་སྦྱོར་དང་། ཡར་འབྲོག་གཡུ་མཚོའི་ཆེད་དོན་ཁྱབ་གདལ། བོད་ལྗོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་ལམ་ཐིག་མཛེས་ཤོས་འོས་སྦྱོར།“ཡུལ་སྐོར་ཕོ་ཉའི”ས་མཐོའི་གསོ་རླུང་མཁོ་འདོན་ཐོན་རྫས་འགྲེམས་སྟོན། G219ཡུལ་སྐོར་གློག་བརྙན《ལྷོ་ཕྱོགས་སུ་བསྐྱོད་པའི》དྲིལ་བསྒྲགས་ཁྱབ་གདལ། བོད་ལྗོངས་ཀྱི་ཁྱད་ལྡན་ཡུལ་སྐོར་བསམ་བཀོད་དང་དེ་བཞིན་ཞིང་ལས་ཐོན་རྫས་འགྲེམས་སྟོན། མངོན་མིན་རིག་གནས་ཤུལ་བཞག་འཁྲབ་སྟོན་སོགས་བརྒྱུད། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ཐོན་ཁུངས་སྤུས་ལེགས་བརྒྱུད་རིམ་ལྡན་པའི་ངང་དྲིལ་བསྒྲགས་དང་ཁྱབ་གདལ་སྔར་བས་བཏང་ཡོད། ཡ་རབས་ངང་ཡུལ་སྐོར་བྱ་རྒྱུ་དར་སྤེལ་ཧུར་ཐག་གཏོང་ཆེད། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་མཛེས་སྡུག་སྤྱི་ཆིངས་ཀྱི་མཁའ་ལམ་ལ་བཀྲག་མདངས་སྦྱིན་པའི་སྤྱི་ཕན་རྩ་འཛུགས་དང་མཉམ་འབྲེལ་ཐོག་མཛེས་སྡུག་སྤྱི་ཆིངས་ཀྱི“ཇོ་མོ་གླང་མ་རྟགས་ཅན”གྱི་སྒུལ་བདེའི་ཤེས་དཔལ་ས་ཚིགས་དང་། གདོང་ལེན་པོད་བདག་གི་ཁོར་ཡུག་སྲུང་སྐྱོང་སྤྱི་ཕན། ཡ་རབས་ངང་ཡུལ་སྐོར་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་བཅས་སྤེལ་ནས། ཡུལ་སྐོར་བས་ཡ་རབས་ངང་ཡུལ་སྐོར་བྱས་ཏེ་ཡ་རབས་ངང་ཡུལ་སྐོར་བྱེད་མཁན་ཞིག་ཏུ་འགྱུར་རྒྱུར་སྔར་བས་ཁྲིད་སྟོན་བྱས་ཡོད། བྱེད་སྒོའི་ནང་དོན་སྣ་མང་ཕུན་སུམ་ཚོགས་ཤིང་བཀྲག་མདངས་འཚེར་ས་མང་པོ་ཡོད།

ངོ་མཚར་ཆེ་བའི་འཁྲབ་སྟོན་ལེ་ཚན།
             ད་ཐེངས་ཀྱི“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོའི”བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད་ལ། ཡུལ་སྐོར་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། བྱེད་སྒོའི་ནང་བོད་ལྗོངས་ཡུལ་སྐོར་གྱི་ལས་རྣམ་གསར་པའི་འཕེལ་རྒྱས་གནས་ཚུལ་འགྲེམས་སྟོན་བྱས་པ་དང་། ཕུན་སུམ་ཚོགས་པའི་རང་བྱུང་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་བྱས་ནས། བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་དང་འབྲེལ་ཡོད་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་བྱ་ཡུལ།

“མཛེས་སྡུག་ལྡན་པའི་སྤྱི་ཆིངས”ཀྱི་ཡ་རབས་ངང་ཡུལ་སྐོར་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ།

ས་གནས་དེ་གའི་དམངས་སྲོལ་དང་ཁྱད་ལྡན་ཞིམ་ཟས་མྱོང་རོལ་བྱེད་བཞིན་པ།
             བྱེད་སྒོའི་མཇུག་ཏུ།  ཚང་མ་མཉམ་དུ་ལུང་རིང་ལའི་ལྗོངས་གཟིགས་སྟེགས་བུ་དང་། རི་ཐོག་དགོན། ཀརྨ་གླིང་རྩྭ་ཐང་སོགས་སུ་ཡར་འབྲོག་གཡུ་མཚོ་བསྐོར་བའི་འཁོར་ཁྲིད་ལམ་ཐིག་གསར་རྐྱང་ཞིག་ཉམས་ལེན་བྱས་ཤིང་། རིམ་པ་རྗེས་མར་བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ། ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། ཡུལ་སྐོར་བའི་དགོས་མཁོ་སྣ་མང་སྔར་བས་སྐོང་བ་བཅས་བྱས་ཏེ་བོད་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
 
རྩོམ་སྒྲིག་པ། རིག་གྲོལ།