ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀྲུང་གོའི་ཡུལ་སྐོར་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

སྤེལ་དུས 2024-05-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཞིང་ལས་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས“ངོ་མཚར་ཆེ་བའི་ཁམས་པ·གནའ་བོའི་ལྷོ་རོང”གི་སྤུས་རྟགས་གྲགས་ཅན་སྔར་བས་ཆེ་རུ་གཏོང་ཆེད། ཟླ5པའི་ཚེས19ཉིན་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས“ཀྲུང་གོར་ཡུལ་སྐོར་བྱེད། བདེ་སྐྱིད་འཚོ་བར་རོལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་ཐེངས14པ་སྒྲིག་འཛུགས་བྱས།

དྲིལ་བསྒྲགས་བྱེད་སྒོའི་ཡུལ་དངོས།
             བྱེད་སྒོའི་ཡུལ་དངོས་སུ་རྣམ་པ་སྤྲོ་སེམས་འཁོལ་བ་དང་ངོ་མཚར་ཆེ་བའི་རིག་རྩལ་དམངས་ཕན་འཁྲབ་སྟོན་གྱིས་ལྟད་མོ་བ་དང་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད། 《བཀྲ་ཤིས་གཡང་ཆགས》དང་།《བཀྲ་ཤིས་ཤོག》 《ཝུན་ཤིང་ཀོང་ཇོ》སོགས་ཀྱི་ལེ་ཚན་གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་བྱས་ནས་གླུ་དབྱངས་དང་ཞབས་བྲོ་སོགས་ཀྱི་རྣམ་པའི་ཐོག་ནས་ལྷོ་རོང་རྫོང་གི་སྣ་མང་མི་རིགས་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པར་བྱས་ཡོད། 

རིག་རྩལ་དམངས་ཕན་འཁྲབ་སྟོན་བྱེད་བཞིན་པ། 

ཞིང་ལས་རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་བྱེད་བཞིན་པ།
             བྱེད་སྒོའི་ནང་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་། ཡུལ་སྐོར་ཤེས་བྱ་ཁྱབ་གདལ་གཏོང་བ། ཞིང་ལས་རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་དང་རོལ་མྱོང་བྱེད་པ། ཡུལ་དངོས་སུ་མངོན་མིན་རིག་གནས་ཤུལ་བཞག་བཟོ་རྩལ་ཉམས་ལེན་བྱེད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་ལྷོ་རོང་རྫོང་གི་ཞིང་ལས་རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་གང་ལེགས་བྱས།

རྩོམ་སྒྲིག་པ། རིག་གྲོལ།