ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

“ནོར་གཞོང་དྲོད་ཁང”བསྐྲུན། དར་རྒྱས་ལམ་བུ་གཏོད།

སྤེལ་དུས 2024-06-05 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་ཨ་ཡ་གྲོང་ཚོས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཐོན་ལས་དམངས་ཕྱུག་ལ་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ལག་ལེན་ནང་མ་དངུལ་སྒོར་ཁྲི་430བཏང་ནས་དྲོད་ཁང་ཆེན་པོ་13གསར་སྐྲུན་བྱས་པས་དྲོད་ཁང་ཆེན་པོའི་སྔོ་ཚལ་དང་ཤིང་ཏོག་འདེབས་འཛུགས་རྣམ་གྲངས་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ད་ཆ་ཁྱད་ལྡན་ཞིང་ལས་ཐོན་ལས་དྲོད་ཁང་ཆེན་པོས་མང་ཚོགས་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་བྱུང་ཡོད་ལ། མང་ཚོགས་ལ་འབབ་འཕར་ཡོང་བའི“ནོར་གཞོང་དྲོད་ཁང”ཞིག་ཏུའང་གྱུར་ཡོད། འདི་ནི་ཨ་ཡ་གྲོང་ཚོའི་གྲོང་མི་ཟླ་བ་ཚེ་རིང་གིས་དྲོད་ཁང་ནང་ཤིས་ཀྭ་ལ་གཡོག་བྱེད་བྱེད་བཞིན་པ།