ཞི་ཅིན་ཕིང་གིས། ཀྲུང་གོ་དང་བྱང་མ་ཆི་ཏུན་གཉིས་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོས་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་བས། གང་དེའི་གྲུབ་འབྲས་ཀྱིས་མང་ཚོགས་ལ་ཕན་ཁེ་ཐོབ་ཡོད། ང་རང་ནས་ཀྲུང་གོ་དང་བྱང་མ་ཆི་ཏུན་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་པ་དང་། ཙུང་ཐུང་མཁྱེན་ལྡན་མ་དང་ལྷན་དུ་འབད་བརྩོན་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་སྤེལ་རེས་མཉམ་ལས་རྒྱ་ཆེར་བཏང་ནས། ཀྲུང་གོ་དང་བྱང་མ་ཆི་ཏུན་གྱི་མཛའ་གྲོགས་མཉམ་ལས་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད།