ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་རྒྱུན་ཤེས།

གཅན་ཚ་རུ་དྲ་རྒྱའི་ཤོ་རྒྱག་མཁན་ཞིག་བཟུང་།

སྤེལ་དུས 2024-03-11 ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། རྩོམ་པ་པོ།

             ཟླ2པའི་ཚེས28ཉིན། རྨ་ལྷོ་ཁུལ་གཅན་ཚ་རྫོང་སྤྱི་བདེ་ཅུའུ་སྣང་ར་མངགས་གཏོང་ཁང་གིས་ཁ་པར་སྤྱད་ནས་དྲ་ལམ་དུ་ཤོ་རྒྱག་རྒྱན་འཇོག་ནང་ཞུགས་པའི་ཁྲིམས་འགལ་མི་སྣ་ཞིག་རྩད་ཆོད་དེ་འཛིན་བཟུང་བྱས།

             

ཉེ་ཆར། གཅན་ཚ་རྫོང་སྣང་ར་མངགས་གཏོང་ཁང་ལ་རྫོང་སྤྱི་བདེ་ཅུའུ་བཀོད་འདོམས་ལྟེ་གནས་ཀྱིས་སྣང་ར་ཤང་གི་མངའ་ཁུལ་གྱི་སྡོད་དམངས་སྟག་ཆེ་གེ་མོར་དྲ་ལམ་དུ་ཤོ་རྒྱག་རྒྱན་འཇོག་ཁྲོད་ཞུགས་པའི་དོགས་གཞི་ཡོད་པའི་བཀའ་འབྱོར་མ་ཐག  མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་འཕྲལ་མར་མྱུལ་ཞིབ་བྱེད་མགོ་བརྩམས།  འདྲི་རྩད་བྱས་པ་བརྒྱུད། སྟག་ཆེ་གེ་མོས"97རྒྱལ་སྤྱི"ཞེས་པའི་ཤོ་རྒྱག་དྲ་ཚིགས་སུ་དྲ་རྒྱའི་རྒྱན་འཇོག་ཁྲོད་ཞུགས་པའི་ཁྲིམས་འགལ་བྱ་སྤྱོད་ཇི་མ་ཇི་བཞིན་དུ་ཁས་བླངས་པ་དང་། གཅན་ཚ་རྫོང་སྤྱི་བདེ་ཅུའུ་ཡིས་སྟག་ཆེ་གེ་མོར་སྲིད་འཛིན་བཀག་ཉར་གྱི་ཆད་པ་བཅད།

རྩོམ་སྒྲིག་པ། མང་ག་མཚོ།