ཉེ་ཆར་མང་ཚོགས་ཞིག་གིས། ཟླ་2ཚེས་29ཉིན་གྱི་ཆུ་ཚོད་16དང་སྐར་མ་37ཙམ་ལ་ང་བསྡད་སའི་རླངས་འཁོར་གཡག་ཡེ་མྱུར་བགྲོད་གཞུང་ལམ་གྱི་སྤྱི་ལེ་1945དང་སྨི་300ཙམ་དུ་སླེབས་སྐབས། ལྡོག་ཏུ་གཏོང་ཡོང་བའི་རླངས་འཁོར་ཞིག་དང་འཕྲད་བྱུང་། སྟབས་ལེགས་པ་ཞིག་ལ་སྔོན་ནས་གཡོལ་ཐུབ་པས་ལས་འཛོལ་ཐོན་མ་བྱུང་ཞེས་པའི་ཐེར་འདོན་འབྱོར།
སྤྱི་བདེ་ཅུས་སུ་འབྱོར་རྗེས། དཔང་རྟགས་ཁུངས་བཙན་གྱི་མདུན་དུ་ཚེ་ཆེ་གེ་མོས་སྔར་བྱས་ལས་ལ་འགྱོད་པ་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཚེ་ཆེ་གེ་མོའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་དམིགས་ནས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཁ་ལོ་བའི་ལག་ཁྱེར་ནས་སྐར་མ་12གཅོག་རྒྱུ་དང་། དངུལ་ཆད་སྒོར་200ཡི་སྲིད་འཛིན་ཆད་པ་གཅོད་རྒའི་ཐག་བཅད་ཡོད།
འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ།
《འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཀྱི་སྐར་མ་གཅོག་པའི་དོ་དམ་བྱ་ཐབས》ཀྱི་དོན་ཚན་བརྒྱད་པའི་ནང་གསེས་དོན་ཚན་དྲུག་པའི་ནང་འཁོད་དོན། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བས་རླངས་འཁོར་བཏང་སྟེ་མྱུར་བགྲོད་གཞུང་ལམ་དང་གྲོང་ཁྱེར་གྱི་མགྱོགས་ལམ་དུ་རྒྱབ་ཤིག་རྒྱག་པ་དང་། ལྡོག་ཏུ་གཏོང་བ་སོགས་བྱེད་རིགས་ལ། ཐེངས་གཅིག་ལ་ཁ་ལོ་བའི་ལག་ཁྱེར་ནས་སྐར་མ་12གཅོག་དགོས།