བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨེ་ཅིབ་ཀྱིས་ཡང་བསྐྱར་བྲེལ་མྱུར་དོགས་ཟོན་གྱི་རྣམ་པའི་ལག་བསྟར་ཡུན་ཚད་ཟླ་ངོ་གསུམ་གྱིས་ཇེ་རིང་དུ་བཏང་།

སྤེལ་དུས 2020-01-15 ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
           ཨེ་ཅིབ་གྲོས་ཁང་གིས་ཚེས་བཅུ་བཞིའི་ཉིན་ཙུང་ཐུང་སེ་ཞི་ཡིས་ཉེ་སྔོན་བཀོད་པའི་ཙུང་ཐུང་བཀའ་རྒྱ་ལ་ཆོག་མཆན་བཀོད། རྒྱལ་ཡོངས་ཁྱབ་ཁོངས་ཀྱི་བྲེལ་མྱུར་དོགས་ཟོན་རྣམ་པ་དེ་ཟླ་འདིའི་ཚེས་ཉེར་བདུན་ཉིན་ནས་ཡང་བསྐྱར་ཟླ་ངོ་གསུམ་གྱིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད། 
           ཙུང་ཐུང་གི་བཀའ་རྒྱ་ལྟར་ན། བྲེལ་མྱུར་དོགས་ཟོན་གྱི་རྣམ་པའི་འོག ཨེ་ཅིབ་དམག་ཕྱོགས་དང་ཉེན་རྟོག་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་འཇིགས་སྐུལ་རིང་ལུགས་གནད་དོན་ཐག་གཅོད་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། 
           ཨེ་ཅིབ་ཀྱི་གྲོས་མི་ཧཱ་མུས་ཏི་ཡིས་གསར་འགོད་པར་བཤད་རྒྱུར། བྲེལ་མྱུར་དོགས་ཟོན་རྣམ་པའི་ཡུན་ཚད་ཇེ་རིང་དུ་བཏང་བ་དེས་འབྲེལ་ཡོད་སྡེ་ཁག་གིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བར་བཅའ་ཁྲིམས་ཀྱི་མཚོན་ཆ་འདོན་སྤྲོད་བྱས་ཡོད་པ་དང་། རྒྱལ་ཡོངས་སུ་འཇིགས་སྐུལ་རིང་ལུགས་ཀྱི་ཉེས་ཅན་གཙང་སེལ་བྱེད་པར་ཕན་ཐོགས་ཡོད་ཟེར།
རྩོམ་སྒྲིག་པ། བདེ་སྒྲོལ།