ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་གྲོང་ཁྱེར་ཆུང་གྲས་སུ་གློག་སྒུལ་རླངས་འཁོར་ཆུང་རིགས་དར་སོ་ཆེ་བ།

སྤེལ་དུས 2024-03-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
འདི་ནི་ཀོང་ཤིས་ལིའུ་ཀྲོའུ་གྲོང་ཁྱེར་གྱི་ཁྲོམ་གཞུང་ནས་པར་བླངས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་འཇོག་ས་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཚའོ་དབྱི་མིང་གིས་པར་བླངས།
  ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་EVཁྲོམ་ར་ཆེ་ཤོས་ཡིན་ཞིང་། ཐེ་སི་ལ་དང་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཁེ་ལས་ཆེ་ཤོས་པི་ཡ་ཏི་ཀུང་སིས་ཐོན་སྐྱེད་བྱས་པའི་རྩེར་སོན་གྱི་འཁོར་རིགས་ཀྲུང་གོའི་གྲོང་ཁྱེར་ཆེན་པོ་གང་སར་མཐོང་རྒྱུ་ཡོད། འོན་ཀྱང་དར་རྒྱས་འགོར་བའི་ས་ཁུལ་དུ་ཁོར་ཡུག་ལ་དེ་བས་སྲུང་སྐྱོང་ཐུབ་པའི་འགྲིམ་འགྲུལ་ཡོ་བྱད་ཡག་ཤོས་ནི་ཝུའུ་ལིང་ཧུང་ཀོང་MINIEVསྟེ། རྩེན་སོན་EVལས་གོང་ལྡབ་མང་པོས་ཁེ་བའི་རླངས་འཁོར་ཆུང་རིགས་ཤིག་ཡོད་པ་དེ་རེད། ད་བར་ཀྲུང་གོའི་གློག་སྒུལ་རྐྱང་པའི་རླངས་འཁོར་ཁྲོམ་རར་འཚོང་ཚད་ཨང་དང་པོ་ཡིན་པའི་ཧུང་ཀོང་MINIEVརིགས་ཁྲི་120ལྷག་ཙམ་ཟིན་ཞིང་། དེ་དག་སྤྱིར་བཏང་བྱས་ན་ཐག་རིང་ལུང་ཁུག་གྲོང་ཁྱེར་རམ་ཡང་ན་གྲོང་རྡལ་ཆུང་གྲས་ཀྱི་འཛད་སྤྱོད་པས་ཉོ་ཡི་ཡོད།
  ཀྲུང་གོའི་རླངས་འཁོར་ཁེ་ལས་ཏུང་ཧྥུང་དང་། ཆི་རུའེ། ཅི་ལི་བཅས་ཚང་མས་རང་ཉིད་ཀྱི་EVཆུང་གྲས་ཐོན་སྐྱེད་བྱེད་ཀྱི་ཡོད་ཅིང་། ཝུའུ་ལིང་ཀུང་སིས་ཝུའུ་ལིང་གི་ཧྥན་སི་གཞོན་ནུ་མ་ཁག་གཅིག་གསོ་སྐྱོང་བྱས་ཏེ་རང་ཁེ་ལས་ཀྱི་ཡིད་དབང་འཕྲོག་ཤུགས་ཡུན་རིང་གནས་པར་བྱས་ཡོད། རླངས་འཁོར་དེ་དག་གི་ཁ་མདོག་ཟིང་སྐྱ་དང་ལེ་མོང་མདོག་ཡིན་པས་ཧ་ཅང་སྙིང་རྗེ་པོ་ཡོད་པ་མ་ཟད། འཁོར་རིགས་ཁག་གཅིག་ལ་ཧྥ་རན་སེའི་ཏན་ཞིམ་མམ་ཡང་ན་རི་པིན་གྱི་རོལ་རྩེད་འཕྲུལ་འཁོར་གྱི་མིང་བཏགས་ཡོད་པ་དང་། འཁོར་བདག་མང་པོས་འགུལ་བརྙན་གྱི་རབ་བཏགས་རི་མོ་སོགས་ཀྱིས་བརྒྱན་ནས་རླངས་འཁོར་ལ་རང་སོའི་ཁྱད་ཆོས་ལྡན་པར་བྱས་ཡོད། རླངས་འཁོར་ལས་རིགས་ཀྱི་བློ་འདྲི་ཀུང་སི་ཀྲུང་གོ་རླངས་འཁོར་གསལ་རྟོགས་ལས་སྟེགས་ཀྱི་སྲོལ་གཏོད་པ་ཐུའུ་ལེ་ཡིས། རླངས་འཁོར་དེ་དག་ཉོ་བ་ལས“གྲོང་ཁྱེར་ཆུང་གྲས་ཀྱི་མི་མང་པོས་དར་སོ་ཞིག་ཏུ་བརྩི་བ”མཚོན་ཐུབ་ཅེས་བརྗོད།
  —— ཧྥ་རན་སེ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་།