ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཁྲུང་ཆིང་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་ཡོ་རོབ་ཕྱོགས་སུ་གཏོང་ཚད་ཟླ་བསྡུར་ལས་འཕར་བ།

སྤེལ་དུས 2024-03-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
       ས་གནས་དེ་ག་དང་དེའི་ཉེ་འཁོར་ཁེ་ལས་ཀྱི་ཕྱིར་གཏོང་དགོས་མཁོ་སྐོང་ཆེད། ཁྲུང་ཆིང་གིས་ཡོ་རོབ་ཕྱོགས་སུ་དུས་གཏན་མེ་འཁོར་གཏོང་ཚད་མང་དུ་གཏོང་བ་དང་ལམ་ཐིག་གསར་པ་ཧུར་ཐག་གཏོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཟོག་ཁུངས་སྦྲེལ་མཐུད་ལས་དོན་ཡག་པོ་བསྒྲུབས་ཡོད། འདི་ལོ་ཚུན་དུ་ཁྲུང་ཆིང་ནས་ཡོ་རོབ་ཏུ་གཏོང་བའི་དུས་གཏན་མེ་འཁོར་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཟླ་བསྡུར་ལས་འཕར་བ་དང་ཆབས་ཅིག སི་ཕེན་དང་ཐུར་ཁེ་སོགས་རྒྱལ་ཁབ་ཏུ་ཤར་གཏོང་ཐུབ་པའི་ལམ་ཐིག་གསར་པ་བཏོད་ཡོད། མིག་སྔའི་བར། ཁྲུང་ཆིང་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་འཁོར་སྐྱོད་བརྟན་པོ་ཐུབ་པའི་ལམ་ཐིག་50ལྷག་ཙམ་ཟིན་ནས། ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་གྲོང་ཁྱེར་དང་ས་ཁུལ་100ལྷག་ཙམ་ལ་ཤར་གཏོང་ཐུབ་ཡོད་པ་རེད། འདི་ནི་འཕྲུལ་ཆས་དང་རླངས་འཁོར་དང་ལྷུ་ལག་སོགས་དངོས་ཟོག་བྱུར་བུར་བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཁྲུང་ཆིང་མཐུན་སྒྲིལ་གྲོང་ཚོའི་ལྟེ་བའི་བབས་ཚུགས་ནས་ཐོན་རྩིས་བྱེད་བཞིན་པ།