ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་ཝ་ཧྲིང་ཐོན་ཀྲོའུ་ཡི་སློབ་འབྲིང་སློབ་མ་ཀྲུང་གོར་སྤེལ་རེས་བྱེད་པར་ཡོང་བ།

སྤེལ་དུས 2024-03-27 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཉེ་ཆར། “ཨ་ཀྲུང་གཞོན་ནུ་ལོ་ཆུང་སློབ་མའི་སྤེལ་རེས་མཐུན་ཚོགས”ཀྱིས་སྒྲིག་འཛུགས་བྱས་པའི་ཨ་རིའི་ཝ་ཧྲིང་ཐོན་ཀྲོའུ་ཡི་སློབ་འབྲིང་སློབ་མ་ཀྲུང་གོར་སྤེལ་རེས་བྱེད་པར་སྐྱོད་པའི་ཚོགས་པ་ཅིའུ་ཅིན་ཧྲན་ནས་རྡོག་ཐོན་བྱས་ཏེ་ཀྲུང་གོར་དུས་ཡུན་ཉིན་11གི་འཚམས་འདྲི་བྱ་རྒྱུ་རེད།
  2023ལོའི་ཟླ་11པར། ཅིའུ་ཅིན་ཧྲན་དུ་གཉེར་བའི་ཨ་རིའི་མཛའ་གྲོགས་ཚོགས་པའི་མཉམ་འབྲེལ་དགའ་བསུ་ཞུ་བའི་གསོལ་སྟོན་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། འབྱུང་འགྱུར་ལོ་ལྔའི་ནང་ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་གདན་ཞུ་བྱེད་འདོད་ཡོད་ཅེས་ཁྱབ་བསྒྲགས་གནང་མྱོང་ཡོད།
  “ཨ་ཀྲུང་གཞོན་ནུ་ལོ་ཆུང་སློབ་མའི་སྤེལ་རེས་མཐུན་ཚོགས”ཀྱི་ཐུན་མོང་ཀྲུའུ་ཞི་ཀྲོའུ་ཧྲུའུ་ཆིས་ངོ་སྤྲོད་བྱས་པར་གཞིགས་ན། སྤེལ་རེས་ཚོགས་པའི་སློབ་མ་24དག་ཝ་ཧྲིང་ཐོན་ཀྲོའུ་ཡི་ཐཱ་ཁོ་མཱ་གྲོང་ཁྱེར་ལིན་ཁེན་སློབ་འབྲིང་དང་སི་ཏི་ལཱ་ཁུའུ་མུའུ་གྲོང་ཁྱེར་སློབ་འབྲིང་ནས་ཡིན་པ་རེད། ཨ་རིའི་སློབ་འབྲིང་སློབ་མ་ཚོས་པེ་ཅིང་དང་། ཀོང་ཀྲོའུ། ཧྲེན་ཀྲེན། ཧུའུ་པེའི་ཝུའུ་ཏང་རི་བོ་སོགས་སུ་ལྟ་སྐོར་བྱ་རྒྱུ་དང་འབྲེལ་སློབ་གླིང་དང་སློབ་གྲྭ་མང་པོར་འཚམས་འདྲི་བྱས་ནས་ཀྲུང་གོའི་གཞོན་ནུ་ལོ་ཆུང་དང་སྤེལ་རེས་གཏིང་ཟབ་བྱ་རྒྱུ་རེད།