ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་འགྲེམས་ཁང་མར་ཐའི་སྒྱུ་རྩལ་གྱི་ལོ་ཟུང་འགྲེམས་སྟོན་ནང་ཞུགས་པ།

སྤེལ་དུས 2024-03-27 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝ་ལེ་ཐ་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར། མར་ཐའི་སྒྱུ་རྩལ་གྱི་ལོ་ཟུང་འགྲེམས་སྟོན་ཏེ་ཀྲུང་གོའི་འགྲེམས་ཁང་གི་འགོ་ཚུགས་མཛད་སྒོ་མར་ཐའི་རྒྱལ་ས་ཝ་ལེ་ཐའི་ཧྲེང་ཨེར་མོ་པོར་འཚོགས་པ་དང་། འགྲེམས་ཁང་གིས“རྗེས་ཤུལ་འཚོལ་བ”བརྗོད་དོན་གཙོ་བོར་བྱས་ནས་ཧྲེན་ཀྲེན་གྱི་སྒྱུ་རྩལ་མཁས་ཅན་ཡན་ཧྲན་ཁྲུན་གྱི་ཞི་ཧུའུ་མཚེའུ་བརྗོད་དོན་གཙོ་བོར་བྱས་པའི་བརྩམས་ཆོས་འགྲེམས་སྟོན་བྱས་པ་དེས་ལྟད་མོ་བར་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།
  མར་ཐ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡུས་ཏུན་ཧའེ་ཡིས་འགོ་ཚུགས་མཛད་སྒོར་ཤིས་ཚིག་བསྒྲོན་སྐབས། ཁོང་གིས་ད་རེས་ཀྲུང་གོ་འགྲེམས་སྟོན་ནང་ཞུགས་པ་དེ་འདི་ལོའི་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་འགོ་ཡག་པོ་ཞིག་བཙུགས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ལོ་གསར་པར་མར་ཐ་ཕྱོགས་དང་མཉམ་དུ་རིག་གནས་ཁྱབ་ཁོངས་སུ་སྤེལ་རེས་མཉམ་ལས་སྔར་བས་མང་བ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་མ་བཏང་ནས་ཀྲུང་གོ་དང་མར་ཐའི་འབྲེལ་བ་ཟབ་ཏུ་འགྲོ་བའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།
  མར་ཐའི་རྒྱལ་ཁབ་ཀྱི་ཤུལ་བཞག་དང་། སྒྱུ་རྩལ། ས་གནས་སྲིད་གཞུང་གི་པུའུ་ཀྲང་བཅས་ཡིན་པའི་པང་ཉི་ཆི་ཡིས་མཛད་སྒོའི་ཐོག་མར་ཐ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ས་ཐག་རིང་ཡང་། མི་ཆོས་སྤེལ་རེས་ཀྱི་འབྲེལ་བ་ཟབ་པས་མར་ཐ་དང་ཀྲུང་གོའི་མི་དམངས་དབར་གྱི་སེམས་ཐག་ཉེ་རུ་ཕྱིན་ཡོད་ཅེས་བརྗོད།