ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

འཇིགས་སྐུལ་འཇབ་རྒོལ་ཁྲོད་ཀྲུང་གོ་ཕྱོགས་ཀྱི་མི5རྐྱེན་ལམ་དུ་ཤོར།

སྤེལ་དུས 2024-03-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས26ཉིན་ཏ་སུའུ་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་ལ་འཇིགས་སྐུལ་འཇབ་རྒོལ་ཐེབས་ཚུལ་སྐོར་གསལ་བསྒྲགས་སྤེལ་དོན།
            ཟླ3པའི་ཚེས26ཉིན་གྱི་ཕྱི་དྲོར། ས་གནས་དེ་གའི་དུས་ཚོད་ཆུ་ཚོད1ཙམ་ལ་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཀྱིས་འགན་འཁུར་ནས་བསྐྲུན་པའི་ཁའེ་ཕུའུ་ཞིང་ཆེན་གྱི་ཏ་སུའུ་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་རླངས་འཁོར་ལ་ལམ་བར་ནས་འཇིགས་སྐུལ་གྱི་འཇབ་རྒོལ་ཐེབས་རྐྱེན། ཀྲུང་གོ་ཕྱོགས་ཀྱི་མི་སྣ5དང་ཕ་ཁི་སི་ཐན་ཕྱོགས་ཀྱི་མི་སྣ1རྐྱེན་ལམ་དུ་ཤོར། ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་དེ་ལ་རྒོལ་གཏམ་དྲག་པོ་བཏང་ཞིང་། རྒྱལ་ཁབ་གཉིས་པོའི་རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཟབ་མོ་ཞུས་ལ། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་། ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་དོན་རྐྱེན་གྱི་མཇུག་སྐྱོང་ཐག་གཅོད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད།  
            ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་འཕྲལ་མར་འཕྲལ་སྡོམ་ལས་དོན་སྤེལ་ཞིང་། ཕ་ཁི་སི་ཐན་ཕྱོགས་ནས་འཇབ་རྒོལ་དོན་རྐྱེན་ལ་ཞིབ་བཤེར་མཐར་ཕྱིན་པ་དང་། ལག་དམར་ལ་ཆད་པ་ནན་པོ་གཅོད་དགོས་པའི་བླང་བྱ་བཏོན་ཞིང་། དུས་མཚུངས་སུ་བྱེད་ཐབས་ནུས་ལྡན་སྤྱད་དེ་ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་སྡེ་ཁག རྣམ་གྲངས་བཅས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། རིགས་འདི་དང་འདྲ་བའི་དོན་རྐྱེན་སླར་མི་འབྱུང་བར་བྱེད་དགོས་པའི་རེ་བ་བཏོན།
            ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ཁེ་ལས་ཀྱིས་ངེས་པར་དུ་ས་གནས་དེ་གའི་བདེ་འཇགས་ཀྱི་དུས་བབ་ལ་དོ་ཁུར་ནན་མོ་བྱས་ནས། བདེ་འཇགས་འགན་ལེན་གྱི་རིམ་པ་མཐོ་རུ་གཏོང་བ་དང་། བདེ་འཇགས་འགན་ལེན་གྱི་བྱ་ཐབས་ལ་ཤུགས་སྣོན་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་ཉེན་ཟོན་བདེ་སྲུང་ཡག་པོ་སྒྲུབ་དགོས་པའི་དྲན་སྐུལ་བྱས་པ་རེད།


རྩོམ་སྒྲིག་པ། ལྷ་འབྲུག