ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་མཉམ་ལས་དམ་ཟབ་བྱས་པ་ལས་ཕྱོགས་མང་པོའི་ལས་དོན་ལ་ཕན་འབྲས་ཐོན་ཡོད།

སྤེལ་དུས 2024-04-03 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  “ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ང་ཚོ་དང་མཉམ་ལས་དམ་ཟབ་བྱས་པ་དང་། ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་གི་ཡོད། དེའི་ཐད་ངས་རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་གྱི་ཚབ་བྱས་ནས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་ཉིན་ཤས་གོང་རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་གྱི་ཀྲུའུ་ཞི་ཐུ་ལི་ཡ·ཨ་ཁེ་སུང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།
  རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་1889ལོར་བཙུགས་པ་དང་། དེ་ནི་ལོ་རྒྱུས་རིང་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་རྒྱལ་སྤྱིའི་གྲོས་ཚོགས་རྩ་འཛུགས་ཀྱི་གྲས་ཤིག་ཡིན་པ་དང་སྤྱི་ཁྱབ་པུའུ་སུའེ་ཙེར་གྱི་གྲོང་ཁྱེར་རི་ནེ་ཝར་བཙུགས་ཡོད། ཉེ་ཆར་རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་གྱི་ཚོགས་ཆེན་སྐབས་148པ་རི་ནེ་ཝར་འཚོགས་པ་དང་། སྐབས་འདིའི་ཚོགས་ཆེན་ཐོག་རྒྱལ་ཁབ་150ལྷག་ཙམ་གྱི་འཐུས་མི་ཆིག་སྟོང་ལྷག་ཙམ་ཞུགས་པའི་ནང་གྲོས་དཔོན་དང་གྲོས་དཔོན་གཞོན་པ་བརྒྱ་ཙམ་ཚུད་ཡོད། སྐབས་འདིའི་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་དེ“གྲོས་ཚོགས་ཀྱི་ཕྱི་འབྲེལ་ཏེ། ཞི་བདེ་དང་བསམ་ཤེས་ཀྱི་སྦྲེལ་ཟམ་འཛུགས་པ”ཞེས་པར་དམིགས་ནས་སྤེལ་ཡོད།
  ཨ་ཁེ་སུང་གིས་རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་གྱི་ཕྱོགས་མང་པོའི་ལས་དོན་ཚང་མ་ཀྲུང་གོ་དང་མཉམ་ལས་དམ་ཟབ་བྱས་པ་ལས་ཕན་འབྲས་ཐོན་ཡོད་ཅེས་བརྗོད་པ་དང་། ཁོང་གིས་ཀྲུང་གོས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ནང་ཧུར་ཐག་ཞུགས་པ་དེས་རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་ལ་ཀྲུང་གོས་སྤྱད་པའི་བྱ་སྤྱོད་ཤེས་རྟོགས་ཐུབ་པའི་གོ་སྐབས་བྱུང་ཡོད། བྱ་སྤྱོད་དེ་དག་ནི་རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་གྱི་ཕུགས་བསམ་མངོན་འགྱུར་ཡོང་བའི་འགག་རྩའི་འགན་ལེན་ཞིག་རེད་ཅེས་བརྗོད།
  ཨ་ཁེ་སུང་གིས་ད་དུང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱིས་འགན་འཁྲི་འཁུར་བར་རྒྱབ་སྐྱོར་བྱེད་པའི་ཐད་ཀྲུང་གོས་ཕུལ་བའི་ལེགས་སྐྱེས་ལ་བསྔགས་བརྗོད་ཀྱང་བྱས་ཤིང་། ཁོང་གིས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་ཐད། ཀྲུང་གོས་རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་དང་མཉམ་ལས་དམ་ཟབ་བྱས་པས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོའི་གྲོས་ཚོགས་ཀྱི་འགན་འཁྲི་འཁུར་ནུས་ཆེ་རུ་ཕྱིན་ཡོད་ཅེས་བརྗོད། ཁོང་གིས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་དེ་སྔ་རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་དང་མཉམ་ལས་ཐེངས་མང་བྱས་ནས་ས་ཁོངས་སྒྲོལ་བའི་བགྲོ་གླེང་བྱེད་སྒོ་སྤེལ་ཡོད། བགྲོ་གླེང་བྱེད་སྒོ་དེ་དག་གིས་རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པར“ནུས་པ་ཧ་ཅང་ཆེན་པོ”ཐོན་ཡོད་ཅེས་བརྗོད།
  ཨ་ཁེ་སུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་ཐད། རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་གྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཁྱབ་ཁོངས་དེ་གཙོ་གནད་དུ་བཟུང་ནས་ཁྱབ་ཁོངས་དེའི་ནང་ཀྲུང་གོ་དང་མཉམ་ལས་དེ་བས་དམ་ཟབ་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད།
  སྐབས་འདིའི་ཚོགས་ཆེན་ཐོག་ད་དུང་ཀྲུང་གོས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་སྐོར་གྱི་བརྙན་ཐུང་ཡང་བསྟན་ཡོད། བརྙན་ཐུང་ནང་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་སྤེལ་མཁན་ཞིག་ཡིན་པའི་ཀྲུང་གོས་ལྗང་མདོག་འཕེལ་རྒྱས་དང་། ནུས་རྒྱུའི་གསར་བརྗེ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་བཅས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལུགས་བཏོན་ཡོད་ཅེས་བཏོན་ཡོད།