ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་ཨེ་ཤེ་ཡའི་དུས་གཏན་མེ་འཁོར“ནན་ཁྲང—ཧོར་ཀོ་སི—ཧ་སག་སི་ཐན”དུ་གཏོང་འགོ་ཚུགས་པ།

སྤེལ་དུས 2024-04-03 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
       ཉེ་ཆར་འཁྱགས་སྒམ་དང་། ཁོ་ཧྥེའི་བཟོ་འཕྲུལ། རྫ་ཆས་སོགས་ཉེར་མཁོའི་དངོས་ཟོག་བླུགས་པའི་ཀྲུང་གོ་དང་ཨེ་ཤེ་ཡའི་དུས་གཏན་མེ་འཁོར་ཅང་ཤིས་ནན་ཁྲང་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་ནས་དལ་གྱིས་ཐོན་ཞིང་། འདི་ནི་འདི་ལོ་ནན་ཁྲང་ནས་ཐོན་པའི་ཀྲུང་གོ་དང་ཨེ་ཤེ་ཡའི་དུས་གཏན་མེ་འཁོར་ཐོག་མ་དེ་རེད། དུས་གཏན་མེ་འཁོར་དེ་ཉིན་དྲུག་གི་རྗེས་སུ་ཧོར་ཀོ་སི་གྲུ་ཁ་ནས་ཐོན་ཏེ་ཧ་སག་སི་ཐན་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་སོགས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་བརྒྱུད་མཐར་ཐ་ཇིག་སི་ཐན་གྱི་རྒྱལ་ས་དུ་ཤང་པེར་འབྱོར་རྒྱུ་དང་། དེ་སྔ་ཨ་ལཱ་ཧྲན་ཁོའུ་ནས་ཐོན་པ་དང་བསྡུར་ན་ཆུ་ཚོད་12ཐུང་དུ་ཕྱིན་པ་མ་ཟད། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་ཟོག་འགྲེམས་མ་གནས་ཆག་པ་དང་། ཅང་ཤིས་སུ་རྒྱལ་སྤྱིའི་ཟོག་འགྲེམས་བགྲོད་ལམ་གསར་པ་བསྐྲུན་པ། ནང་ཁུལ་སྐམ་སའི་ས་ཁུལ་གྱི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་མཐོ་ས་གསར་པ་སྐྲུན་མགྱོགས་སུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།