ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཙན་པི་ཡའི་ལི་ཝུན་སི་ཏུན་རྒྱལ་སྤྱིའི་རིག་གནས་སྒྱུ་རྩལ་དུས་ཆེན་ཐོག་ཀྲུང་གོའི་རིག་གནས་ཀྱི་བཀྲག་མདངས་འཚེར་བ།

སྤེལ་དུས 2024-04-03 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
        ཟླ་3ཚེས་28ཉིན་ནས་30ཉིན་བར། 2024ལོའི་ལི་ཝུན་སི་ཏུན་རྒྱལ་སྤྱིའི་རིག་གནས་སྒྱུ་རྩལ་དུས་ཆེན་ཙན་པི་ཡའི་ཡུལ་སྐོར་གྲོང་ཁྱེར་ལི་ཝུན་སི་ཏུན་དུ་གཉེར་བ་དང་། ཙན་པི་ཡར་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་སྐབས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་ནང་ཞུགས་པ་དང་འབྲེལ་ས་གནས་དེ་གའི་དམངས་ཚོགས་ལ་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་པ་རེད། འཛམ་གླིང་ས་གནས་ཁག་ནས་ཡོང་བའི་ལྟད་མོ་བ་ཚོས་ཀྲུང་གོའི་དྲག་རྩལ་དང་། འབྲུག་རྩེད་དང་སེང་རྩེད། གླུ་གར་ལེ་ཚན་སོགས་སྣ་མང་ཕུན་སུམ་ཚོགས་པའི་ཀྲུང་གོའི་རིག་གནས་ཉམས་ལེན་གཏིང་ཟབ་བྱས་ཡོད། འདི་ནི་ཟླ་3ཚེས་30ཉིན་ཙན་པི་ཡའི་ལི་ཝུན་སི་ཏུན་དུ་ས་གནས་དེ་གའི་མང་ཚོགས་ཀྱིས་འབྲུག་རྩེད་དང་སེང་རྩེད་ལ་ལྟ་བཞིན་པ།