ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ།
སྤེལ་དུས 2018-01-04
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ། ནོར་བུ་གཡུ་སྒྲོན།
ཉེ་ཆར། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ATMཡི“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་སྤྱོད་འགོ་བཙུགས་པ་རེད། དེས་གཱ་མེད་པར་དངུལ་ལེན་པའི་རྨང་གཞིའི་ཐོག་གོ་རིམ་སྔར་བས་སྟབས་བདེ་རུ་ཕྱིན་ནས“དུས་ཚོད་དང་ས་ཆར་མི་བལྟོས་པར་དངུལ་ལམ་སེང་ལེན་ཐུབ”ཀྱི་ཡོད་པ་རེད། དོ་བདག་གིས་དངུལ་ཁང་གཱ་དང་བཅོལ་འཛིན་འཁྱེར་མི་དགོས་པར་ATMམདུན་དུ་པར་རྒྱག་འཕྲུལ་ཆས་ལ་ངོ་རིས་བསྟན་ནས་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་སམ་ཡང་ན་ལག་ཐོགས་ཁ་པར་གྱི་ཨང་གྲངས་དང་དེ་བཞིན་གསང་ཨང་བླུགས་ཚེ་ཞིང་ལས་དངུལ་ཁང་གི་ལས་གཉེར་བྱ་ཡུལ་ནས་དངུལ་ལེན་ཐུབ་ཀྱི་ཡོད་པ་རེད།
ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནི་བྱེད་ནུས་དེ་རིགས་ཁྱབ་གདལ་བཏང་བའི་བོད་ཀྱི་དངུལ་རྩའི་སྒྲིག་གཞི་ཐོག་མ་དེ་ཡིན་པ་རེད། མིག་སྔར་རང་ལྗོངས་སུ་ATM20ལ“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་ལྡན་ཡོད། མི་སྒེར་གྱི་རྩིས་ཁྲའི་བདེ་འཇགས་ལ་བསམ་གཞིག་བྱས་ཏེ་མིག་སྔར“ངོ་རིས་བཤེར་ནས་དངུལ་ལེན་པར”ལེན་ཐེངས་གཅིག་ལ་མང་ཤོས་སྒོར་3000ལས་ལེན་ཆོག་གི་མེད་པ་དང་། ཉིན་གཅིག་ལ་རིམ་རྩིས་བྱས་ན་དངུལ་གྲངས་སྒོར་3000ལས་ལེན་ཆོག་གི་མེད་པ་རེད།