ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།

སྤེལ་དུས 2018-01-08 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། མཁའ་འགྲོ།
            མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུས་གནང་བ་ལྟར། ཧྥ་རན་སེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨའེ་མཱ་ཉིའུ་ཨེར·མཱ་ཁེ་ལུང(Emmanuel Macron)གིས་ཟླ་1ཚེས་8ཉིན་ནས་ཚེས་10ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱ་རྒྱུ་རེད།
            མཱ་ཁེ་ལུང་ནི་1977ལོར་ཧྥ་རན་སེའི་བྱུང་རྒྱུད་ཀྱི་གྲོང་ཁྱེར་ཡཱ་མིན(Amiens)དུ་སྐྱེས་ཤིང་། ཕ་རི་སི་སློབ་ཆེན་ཨང་བཅུ་པ་དང་། ཧྥ་རན་སི་ཆབ་སྲིད་སློབ་གླིང་། ཧྥ་རན་སེ་རྒྱལ་ཁབ་སྲིད་འཛིན་སློབ་གླིང་བཅས་ནས་སློབ་ཐོན་བྱས་པ་རེད། མཱ་ཁེ་ལུང་གིས་2012ལོར་ཙུང་ཐུང་ལས་ཁུངས་གི་དྲུང་ཡིག་ཆེ་མོ་གཞོན་པའི་འགན་ཁུར་བ་དང་། 2014ལོའི་ཟླ་8པར་ཧྥ་རན་སེའི་དཔལ་འབྱོར་དང་བཟོ་ལས། གྲངས་ཀ་ལས་དོན་པུའུ་ཡི་པུའུ་ཀྲང་གི་འགན་འཁུར་བ་རེད། 2016ལོར། མཱ་ཁེ་ལུང་གིས་ཆབ་སྲིད་ཚོགས་པའི"མདུན་སྐྱོད"ལས་འགུལ་གསར་འཛུགས་བྱས་པ་མ་ཟད། རང་ཚུགས་འོས་མིའི་ཐོབ་ཐང་ཐོག་ནས་ཙུང་ཐུང་འདེམས་བསྐོ་ལ་ཞུགས་ཤིང་། 2017ལོའི་ཟླ་5ཚེས་7ཉིན། མཱ་ཁེ་ལུང་ཧྥ་རན་སེའི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བརྒྱད་པ་སྟེ་ཙུང་ཐུང་ཨང་བཅུ་གཅིག་པའི་འགན་ཁུར་ཞིང་། ཟླ་5ཚེས་14ཉིན་ཙུང་ཐུང་གི་འགན་དངོས་སུ་ཁུར་འགོ་ཚུགས་པ་རེད།