ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་གསར་དུ་བསྐོ་གཞག་བྱས་པའི་མར་ཐའི་ཙུང་ཐུང་ཏེ་པོ་ནོའུ་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ།

སྤེལ་དུས 2024-04-07 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཟླ་4ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྨི་ལི་ཡ་མུའུ·སི་ཕི་ཐའེ་ལི·ཏེ་པོ་ནོའུ་ལ་གློག་འཕྲིན་བཏང་ནས་ཁོང་གིས་མར་ཐ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད།
  ཞི་ཅིན་ཕིང་གིས་ཀྲུང་གོ་དང་མར་ཐ་རྒྱལ་ཁབ་གཉིས་ཕྱི་འབྲེལ་བཙུགས་ནས་ལོ་52སོང་རིང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་སྟེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་དང་འབྲེལ་བའི་ཐད་ཕན་ཚུན་རྒྱབ་སྐྱོབ་བྱས་ནས་དཔལ་འབྱོར་ཚོང་དོན་ལ་མ་འཇོག་དང་། རིག་གནས་སློབ་གསོ། སྨན་བཅོས་འཕྲོད་བསྟེན་བཅས་མཉམ་ལས་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ངས་ཀྲུང་གོ་དང་མར་ཐའི་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་མཁྱེན་ལྡན་མ་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ། སྲོལ་རྒྱུན་མཛའ་གྲོགས་ཀྱི་རྒྱུན་བསྐྱངས་ནས་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་མར་ཐའི་དབར་གྱི་འབྲེལ་བར་འཕེལ་རིམ་གསར་པ་ཟམ་མི་ཆད་པ་ཡོང་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།