ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཐེངས་འདིར་སྤྱི་ཁྱབ་ཧྲུའུ་ཅིས་མི་རིགས་མཐུན་སྒྲིལ་གཙོ་བོར་བཟུང་།

སྤེལ་དུས 2024-06-20 ཡོང་ཁུངས། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། རྩོམ་པ་པོ། ཀྲུང་གོ་བོད་ཀྱི་དྲ་བ།
སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་དུ་རྟོག་ཞིབ་གནང་བར་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དམིགས་སུ་བཟུང་ཡོད་པ།
            ཟླ6པའི་ཚེས18ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་དུ་རྟོག་ཞིབ་མཛད། ཁོང་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་གྱི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དང་ཙོང་ཁ་བརྩེ་ཆེན་དར་རྒྱས་དགོན་དུ་ཕེབས་ནས། ཡུལ་དངོས་སུ་སློབ་གསོའི་ལས་དོན་གྱི་ཤར་ནུབ་མཐུན་སྦྱོར་དང་ཁ་གཏད་རོགས་སྐྱོར། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོར་ཤུགས་སྣོན་དང་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། 
            ལོ་རྒྱུས་ཀྱི་རྟགས་མཚན་འདིར་བགྲེངས་ཚེ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་སྐབས་འདིར་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དམིགས་སུ་འཛིན་པའི་གལ་ཆེའི་དོན་སྙིང་ལ་ཤེས་རྟོགས་བྱེད་པར་རོགས་འདེགས་བྱེད་ཐུབ།
            ལོ་ངོ10ཡི་སྔོན་ཏེ། 2014ལོའི་ཟླ5པར། ཐེངས་གཉིས་པའི་ཀྲུང་དབྱང་གི་ཞིན་ཅང་ལས་དོན་བཞུགས་མོལ་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་གསལ་བོར་བཏོན།
            དེའི་རྗེས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ར་མི་འདྲ་བ་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གལ་ཆེའི་ཆོད་གཏམ་འདི་རྒྱས་བཤད་གནང་བ་མ་ཟད། དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོོན་སོ་སོའི་གཙོ་ཐིག་ཏུ་བཟུང་སྟེ་སྐུལ་འདེད་བཏང་ཡོད།
            གྲོས་ཚོགས་གལ་ཆེན་རབ་དང་རིམ་པ་འཚོགས་ནས། མི་རིགས་ལས་དོན་ཐད་ལ་གལ་ཆེའི་མཛུབ་སྟོན་གནང་ཡོད། ཐེངས་མང་པོར་མི་རིགས་ས་ཁུལ་དུ་རྟོག་ཞིབ་གཏིང་ཟབ་མཛད་ལ། སྡེ་བ་དང་གཞིས་ཁུལ། དགོན་སྡེ་སོགས་སུ་བསྐྱོད་དེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། སྤྱི་ཁྱབ་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་མི་རིགས་ས་ཁུལ་གྱི་གཏན་འཇགས་འཕེལ་རྒྱས་དང་མཐུན་སྒྲིལ་ཡར་ཐོན་ལ་ཐུགས་ཁུར་གནང་ཞིང་། མུ་མཐུད་དུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས་པ་དང་། དེ་ནི་རིགས་སོ་སོའི་མི་དམངས་མང་ཚོགས་རྣམས་སེའུ་འབྲུའི་འབྲུ་གུ་ཇི་བཞིན་མཐུན་སྒྲིལ་དམ་པོ་བྱས་ཏེ། བློ་གཅིག་སེམས་གཅིག་གིས་དམིགས་འབེན་གཅིག་གི་ཆེད་དུ་འབད་འཐབ་བྱེད་རྒྱུའི་རེ་བ་བཏོན་ཡོད།
            ལོ་ངོ་བཅུའི་རིང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། མི་རིགས་ས་ཁུལ་གྱི་དབུལ་ཐར་འབྱོར་འབྲིང་དུ་བསྐྱོད་པ་དང་། རྣམ་པ་ཉིན་བཞིན་གསར་བར་གྱུར་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་ལེའུ་གསར་བ་བརྩམས་ཏེ། ཆོད་གཏམ་འདིའི་བདེན་ལུགས་ཀྱི་སྟོབས་ཤུགས་དང་ལག་ལེན་གྱི་གཟི་ཤུགས་མངོན་པར་མཚོན་ཡོད།
            ཚེས18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་མང་པོ་འདུས་སྡོད་བྱེད་པའི་མཚོ་སྔོན་དུ་རྟོག་ཞིབ་གནང་ལ། སྔ་རྗེས་སུ་ཧྲང་ཧའེ་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་མི་རིགས་སློབ་འབྲིང་ཞིག་དང་རྒྱ་བོད་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བའི་དགོན་རྙིང་ཞིག་ཏུ་གཟིགས་ཞིབ་གནང་བ་དེས་སྤྱི་ཁྱབ་ཧྲུའུ་ཅིས་མི་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་ལ་ཐུགས་ཁུར་དང་རྒྱ་ཆེའི་ཆོས་དད་མང་ཚོགས་ལ་མཐུན་སྒྲིལ་བྱེད་པ། མུ་མཐུད་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ་མངོན་པར་མཚོན་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་ཡང་བསྐྱར་ནན་བཤད་དང་ཡང་བསྐྱར་བཀོད་སྒྲིག་བྱས་པ་ཞིག་ཀྱང་ཡིན།
            ཐེངས་འདིའི་མཚོ་སྔོན་དུ་རྟོག་ཞིབ་གནང་བ་ནི་ཏང་གི་ཚོགས་ཆེན་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྔོན་ཏག་ཏག་ལ་འཁེལ་ཡོད།
            ཏང་གི་ཚོགས་ཆེན་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་སྔར་ལས་ལྷག་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་གཙོ་གནད་དུ་བཟུང་སྟེ་ཞིབ་འཇུག་བྱ་རྒྱུ་རེད།
            ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཀྱི་ཐུན་མོང་ཕྱུག་འགྱུར་གྱི་དེང་རབས་ཅན་ཡིན་ལ། དེར་མི་རིགས་གཅིག་ཀྱང་མེད་མི་ཆོག
            རྒྱལ་ཡོངས་ལ་བལྟས་ན། མི་རིགས་ས་ཁུལ་གྱི་ཐོན་ཁུངས་ནུས་ཤུགས་དང་འཕེལ་རྒྱས་ཆ་རྐྱེན། ཞིབ་བསྡུར་གྱི་ལེགས་ཆ་བཅས་ལ་ཁྱད་པར་ཡོད་པ་དང་། མི་རིགས་ས་ཁུལ་གྱིས་འཕེལ་རྒྱས་ཞེས་པའི་གནད་དོན་ཡོད་ཚད་ཐག་གཅོད་ནུས་པའི་སྤྱིའི་ལྡེ་མིག་འདི་ལ་དམ་པོར་དམིགས་ཏེ། ཐོན་ཁུངས་ལེགས་ཆ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཚོལ་ཞིབ་ཀྱི་ལེགས་ཆར་བསྒྱུར་ནས། འཕེལ་རྒྱས་ཁྲོད་ཐག་གཅོད་ཐབས་ལེགས་པོ་འཚོལ་ཞིབ་བྱེད་དགོས། 
            ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་དང་ཞིན་ཅང་། ཀོང་ཞི་སོགས་མི་རིགས་ས་ཁུལ་དུ་རྟོག་ཞིབ་གནང་ལ། ཡུལ་བབ་དང་བསྟུན་ནས་ས་ཁུལ་སོ་སོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞིགས་ཏེ་ཐབས་ཇུས་བཏོན་ཡོད།
            རིགས་སོ་སོའི་མི་རིགས་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་བསྐྱོད་པར་ཅི་ལྟར་སྐུལ་འདེད་གཏོང་དགོས་སམ། མི་རིགས་ས་ཁུལ་གྱི་ཕྱོགས་ཡོངས་ཀྱི་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་དུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ་རང་སྟེང་གི་འཕེལ་རྒྱས་ནུས་པ་མཐོར་འདེགས་སུ་གཏོང་དགོས། འཕེལ་རྒྱས་གསར་པའི་གནས་བབ་དང་འདྲེས་པར་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། མི་རིགས་ས་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། འགྲམ་རྒྱུད་ཀྱི་གསར་སྤེལ་སྒོ་འབྱེད་ཀྱི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས་པ་སོགས། སྤྱི་ཁྱབ་ཧྲུའུ་ཅིས་ཐེངས་མང་པོར་བླང་བྱ་གསལ་བོ་བཏོན་ཡོད། 
            གནད་དོན་གསར་བ་དང་འགྲན་སློང་གསར་བར་གདོང་གཏད་དེ། མུ་མཐུད་དུ་བཅོས་སྒྱུར་ཞེས་པའི་གནད་འགག་གི་ཐབས་ལམ་འདི་བེད་སྤྱོད་ལེགས་པོ་བྱས་ནས། བཅོས་སྒྱུར་གྱི་བྱེད་ཐབས་ཀྱིས་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན་ཐག་གཅོད་དགོས།
            སྤྱི་ཁྱབ་ཧྲུའུ་ཅིའི་སེམས་ཁོངས་སུ། ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་མོ་ཞིག་ཡིན་ལ། ཁྱིམ་མི་ཚང་མས་བདེ་སྐྱིད་ཀྱི་འཚོ་བ་རོལ་དགོས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པར། རིགས་སོ་སོའི་མི་རིགས་ཀྱི་ལག་གདང་སྦྲེལ་ནས། དཔུང་བ་མཉམ་གཤིབ་ཀྱིས་ཐུན་མོང་ཐོག་དཀའ་སྤྱད་འབད་བརྩོན་བྱེད་དགོས།
            དམིགས་འབེན་ཇི་ལྟར་རླབས་ཆེ་ན་ལས་འགན་དེ་ལྟར་དཀའ་ཚེགས་ཆེ་བ་དང་གནས་བབ་དེ་ལྟར་རྙོག་འཛིང་ཆེ་བ་ཡིན་པས། དེ་ལས་ལྷག་པར་ཕྱོགས་སོ་སོའི་མཐུན་སྒྲིལ་ལ་ཤུགས་སྣོན་དང་སྲ་བརྟན་དུ་བཏང་སྟེ། བློ་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་མཉམ་བསྐྱེད་ཀྱིས་ཉེན་ཁ་དང་འགྲན་སློང་ལས་རྣམ་པར་རྒྱལ་ཐུབ་པའི་མཁར་རྫོང་བཙན་པོ་བསྐྲུན་དགོས།
            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མི་རིགས་ས་ཁུལ་དུ་བསྐྱོད་པ་དེས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། སྔར་ལས་ལྷག་པར་ཕྱོགས་ཡོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་དང། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བློ་རིག་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ལ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་སྟོབས་ཤུགས་མཉམ་སྐྱེད་ཀྱིས་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་དགོས་པ་ནན་གྱིས་བསྟན་ཡོད། །

རྩོམ་སྒྲིག་པ། རིག་གྲོལ།