ཉེ་སྔོན། པེ་ཅིང་ནས་ལྷ་ས་བར་གྱི་མེ་འཁོརZ21ཁྲོད། བྱིས་པ་ཆུང་ཆུང་ཞིག་ལ་གློ་བར་དུ་ལུས་ཕུང་མི་བདེ་བའི་ཚོར་སྣང་བྱུང་། མེ་འཁོར་དེའི་ནང་དུ་ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ། མཚོ་ནུབ་ཁུལ་མི་དམངས་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཡོན་ཀྲང་ཁྲིན་ཧྲེ་ཧྥང་གིས་མྱུར་དུ་ནད་པ་མྱུར་སྐྱོབ་བྱེད་མགོ་བརྩམས།
མེ་འཁོར་འདིའི་འཁོར་སྒམ14པའི་ནང་བྱིས་པ་ཞིག་ལ་གློ་བུར་དུ་ལུས་ཁམས་མི་བདེ་བར་གྱུར་བས། མེ་འཁོར་འདིའི་ནང་སྨན་པ་ཡོད་ན་མྱུར་དུ་འཁོར་སྒམ14རུ་འབྱོར་དགོས་པའི་བརྡ་ཐོན་མ་ཐག ཁྲིན་ཧྲེ་ཧྥང་གིས་ལྭ་བ་གྱོན་ནས་འཁོར་སྒམ4ནང་དུ་སོང་།
མཚོ་ནུབ་ཁུལ་མི་དམངས་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་འགོ་གཙོ་ཁྲིན་ཧྲེ་ཧྥང་གིས་བཤད་རྒྱུར། བྱིས་པ་འདི་གནས་ཚུལ་ཅུང་ཚབས་ཆེན་ཡིན་པས་ང་ཚོའི་ཆེད་ལས་ཀྱི་ཕྱོགས་ནས་བརྟག་དཔྱད་བྱས་ན་གློ་ཚ་རྒྱས་ནས་དབུགས་འབྱིན་དཀའ་བ་སོགས་ཀྱི་ནད་རྟགས་མངོན་ཟེར།
ནད་པ་ལ་མཚོན་ན་སྐར་ཆ་གཅིག་ནི་ཚེ་སྲོག་གི་སྲུང་ཐག་དང་འདྲ་བས། ཁྲིན་ཧྲེ་ཧྥང་གིས་ནད་པའི་ཨ་མ་ལ་ཐོན་ལ་ཉེ་བའི་གཏེར་ལེན་ཁ་མེ་འཁོར་འབབ་ཚུགས་ནས་མར་བབས་ཏེ། མཚོ་ནུབ་ཁུལ་མི་དམངས་སྨན་ཁང་ནས་སྨན་བཅོས་བྱེད་དགོས་པའི་བསམ་ཚུལ་བཏོན་ནའང་། དཔལ་འབྱོར་འགྲོ་སོང་སོགས་ཀྱི་གནད་དོན་ལ་བསམ་ནས་བྱིས་པའི་ཨ་མས་བསམ་ཚུལ་དེ་དང་ལེན་མ་བྱས།
བྱིས་པའི་ཨ་མ་ཕུར་བུ་བུ་ཁྲིད་ཀྱི་བཤད་རྒྱུར། གལ་ཏེ་གནས་འདི་ནས་མར་བབས་ན་ང་ལ་སྒོར་མོ་མེད་པ་མ་ཟད། གྲོགས་པོ་སོགས་གཅིག་ཀྱང་མེད་པས་དཀའ་ཁག་ཆེན་པོ་ཡོད་ཟེར།
ཁྲིན་ཧྲེ་ཧྥང་གིས་སེམས་སུ་གལ་ཏེ་མེ་འཁོར་ལྷ་སར་ཐོན་དགོས་ན་ད་རུང་ཉིན་གཅིག་གི་དུས་ཚོད་སྤྱད་ནས་འགྲོ་དགོས་པ་མ་ཟད། ལམ་བར་ནས་མཐོ་སྒང་བརྒྱུད་དགོས་ཤིང་། དེ་མིན་གཞིས་ཀ་རྩེ་གྲོང་ཁྱེར་ལ་སོང་ནས་སྨན་བཅོས་བྱེད་ན་ཆེས་བཟང་བོའི་སྨན་བཅོས་དུས་ཚོད་ལས་བརྒལ་བས་ཚེ་སྲོག་ལ་ཉེན་ཁ་ཤིན་ཏུ་ཆེ་འདོད།
ཁུལ་མི་དམངས་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་འགོ་གཙོ་ཁྲིན་ཧྲེ་ཧྥང་གིས་བཤད་རྒྱུར། ངས་རང་གི་བསམ་ཕྱོགས་མོ་ལ་ཡང་དང་བསྐྱར་དུ་བཤད་པ་ཡིན། སྒོར་མོའི་གནད་དོན་སེལ་དགོས་ན་སླ་མོ་རེད། གལ་ཏེ་མོ་ལ་སྒོར་མོ་མེད་པར་སྨན་པ་སྟོན་མི་ཐུབ་པ་ཡིན་ན། ངས་དེ་མ་ཐག་མོ་ལ་སྨན་བཅོས་ཀྱི་འགྲོ་སོང་དང་། འགྲིམ་འགྲུལ་གྱི་གླ། འཚོ་བའི་འགྲོ་གྲོན་སོགས་བཀོད་སྒྲིག་བྱེད་ཐུབ་པ་ཁས་བླངས་པ་ཡིན་ཟེར།
དགོང་མོའི་དུས་ཚོད7:23སྟེང་། གཏེར་ལེན་ཁ་མེ་འཁོར་ས་ཚུགས་སུ་མྱུར་སྐྱོབ་རླངས་འཁོར112དང་ཁུལ་མི་དམངས་སྨན་ཁང་གི་བྱིས་པའི་ཚན་ཁག་གི་ཀྲུའུ་རིན་ཀའོ་ཕེན་སོགས་ཀྱིས་གྲ་སྒྲིག་བྱས་ནས་བསྒུག་འདུག ཁུལ་མི་དམངས་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་འགོ་གཙོ་ཁྲིན་ཧྲེ་ཧྥང་གི་རོགས་རམ་འོག་སྨན་ཁང་ནང་ཉིན་གཅིག་མྱུར་སྐྱོབ་བྱས་མཐར། བྱིས་པ་དེ་ཉེན་ཁ་ལས་ཐར།
མཚོ་ནུབ་ཁུལ་མི་དམངས་སྨན་ཁང་བྱིས་པའི་ཚན་ཁག་གི་ཀྲུའུ་རིན་གཞོན་པའམ་སྨན་པ་གོ་ཕེན་གྱིས་བཤད་རྒྱུར། ང་ཚོས་བྱིས་པ་འདི་ལེན་དུས་ཁོའི་དབུགས་འབྱིན་ཐེངས་དྲུག་ཅུ་ནས་བདུན་ཅུ་ལ་སླེབས་པ་དང་། ཧ་ཅང་བྲེལ་འཚུབ་ཀྱིས་ཁེངས་ཡོད། ཁ་ངོ་སྐམ་ཐག་ཆོད་ཡོད་ལ་སྙིང་འཕར་ཚད་བརྒྱ་དང་བརྒྱད་ཅུར་ཐོན། སྟབས་ལེགས་པ་ཞིག་ལ་འགོ་གཙོ་ཁྲིན་གྱིས་མེ་འཁོར་ལས་མྱུར་སྐྱོབ་བྱས་ཤིང་། གལ་སྲིད་ཆ་རྐྱེན་འདི་དག་མ་འཛོམས་ཚེ་བྱིས་པར་ཧ་ཅང་ཉེན་ཁ་ཆེ་བ་རེད་ཟེར། སྐབས་དེར་གསར་འགོད་པས་སྨན་ཁང་ནས་ཕུར་བུ་བུ་ཁྲིད་མཐོང་བའི་སྐབས་སུ་ཁོ་མོས་འགོ་གཙོ་ཁྲིན་གྱི་ལག་པར་འཇུས་ནས་བཀའ་དྲིན་ཞུ་བཞིན་འདུག
ནད་པའི་ཨ་མ་ཕུར་བུ་བུ་ཁྲིད་ཀྱིས་བཤད་རྒྱུར། ང་རང་ཧ་ཅང་ཡིད་འགུག་ཐེབས་སོང་། བློ་ངོར་ཡང་མ་ཤར་བ་ཞིག་ལ་ངའི་མི་ཚེའི་ནང་དུ་དཀའ་ཁག་ཆེ་བའི་སྐབས་སུ་འདི་འདྲའི་མི་བཟང་ཞིག་དང་འཕྲད་སོང་བས་ཤིན་ཏུ་དགའ་ཡོད། ངས་ཁོ་ལ་ཆེད་དུ་བཀའ་དྲིན་ཞུ་ཟེར།
ཕུར་བུ་བུ་ཁྲིད་སེམས་ཁྲལ་ཐག་གཅོད་བྱེད་ཆེད། སྨན་པ་ཁྲིན་གྱིས་སྨན་ཁང་ལས་ཞག་སྡོད་བྱེད་པ་དང་སྨན་བཅོས་བྱེད་པ། ཟ་མ་དང་སྡོད་ཁང་སོགས་ཀྱི་གནད་དོན་ཐག་བཅད་པ་དང་། ད་དུང་དཔལ་འབྱོར་ལ་ཡང་དཀའ་ཁག་ཡོད་པས་ཕུར་བུ་བུ་ཁྲིད་ལ་སྒོར་སྟོང་གཅིག་བྱིན།
2003ལོར་གློ་ཚད་ལ་འགོག་རྒོལ་ཐེངས་གཉིས་བྱས་པ་དང་། 2011ལོར་ཧྥེ་གླིང་ལ་རོགས་སྐྱོར་བྱས་པའི་སྨན་བཅོས་ལས་འགན་ལེགས་འགྲུབ་བྱུང་བ་ནས། 2019ལོའི་ཟླ8པར་འགོ་གཙོ་དང་དབུགས་འབྱིན་ཁོག་ནད་ཚན་ཁག་གི་ཆེད་མཁས་པའི་ཐོབ་ཐང་གིས། ཀྲེ་ཅང་གིས་མཚོ་སྔོན་ལ་སྨན་བཅོས་རོགས་སྐྱོར་བྱེད་པའི་མགོ་བརྩམས་ཤིང་། སྨན་པ་ཁྲིན་ཧྲོས་ཧྥང་གིས་སྨན་པའི་ཐོག་མའི་འདུན་མ་སེམས་སུ་བཅངས་ནས་དགེ་བའི་ལས་སྒྲུབ་པའི་ངེས་ཤེས་ཟབ་མོ་སེམས་ལ་ཉར། ཟླ་བ་ལྔའི་རིང་གི་ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དུས་ཡུན་ནང་དུ་ཁོ་བོས་མཚོ་ནུབ་ཁུལ་མི་དམངས་སྨན་ཁང་དུ་བྱ་འགུལ་མང་པོ་སྤེལ་ནས་ནུས་པ་གང་ཡོད་བཏོན་ཡོད་པ་དང་། དུས་མཚུངས་སུ་མཚོ་ནུབ་ཁུལ་ལ་སྔར་ལ་ལྷག་པའི་སྒོ་ནས་སྨན་བཅོས་ཀྱི་ལག་རྩལ་དང་གསར་སྤེལ་གྱི་བསམ་བློ་བསྐུན་ཏེ། ཁུལ་མི་དམངས་སྨན་ཁང་གི་སྨན་བཅོས་ལག་རྩལ་དང་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་ཕྱིན།
མཚོ་ནུབ་ཁུལ་མི་དམངས་སྨན་ཁང་ཁོག་ནད་ཚན་ཁག་གི་སྨན་པ་ཞེས་ཅིན་གྱིས་བཤད་རྒྱུར། ང་ཚོའི་རོགས་སྐྱོར་དང་རང་སྟེང་གི་འོས་འགན་སྒྲུབ་པའི་ནུས་པར་ཧ་ཅང་ཤུགས་ཆེ་ལ། ནང་སྒོས་སུ་གློ་ཡི་ཡན་ལག་ཞིབ་བཤེར་བྱེད་ཐབས་ཀྱི་ལས་ལམ་གསར་སྐྲུན་བྱས་པ་དང་། འགོ་གཙོ་ཁྲིན་ཐེངས་མང་པོར་ཟབ་ཞུགས་བྱས་ནས་སྨན་བཅོས་ཀྱི་ཐད་ལ་ནུས་པ་མི་དམན་པ་ཐོན་པས། ཁོང་ནི་ང་ཚོ་ན་གཞོན་སྨན་པ་རྣམས་ཀྱིས་སློབ་སྦྱོང་བྱེད་ས་ཡིན་ཟེར།
མཚོ་ནུབ་ཁུལ་མི་དམངས་སྨན་ཁང་ཏང་ཨུའི་ཧྲུའུ་ཅིའམ་འགོ་གཙོ་ཁྲིན་ཧྲས་ཧྥང་གིས་བཤད་རྒྱུར། ང་རང་ཉིད་ཀྱི་ངོས་ཐད་ནས་བཤད་ན། དོན་དག་འདི་ལྟ་བུ་རྒྱུན་ལྡན་དུ་གྱུར་འདུག གཞན་གྱི་ཆེད་དུ་དོན་དག་རེ་བསྒྲུབ་ཐུབ་ཚེ་ངས་དེ་ནི་བདེ་སྐྱིད་ཅིག་ལ་བསམ་བཞིན་ཡོད། སྤྱི་ཚོགས་སྟེང་དུ་ཕན་ཚུན་རོགས་རམ་བྱེད་པའི་དོན་བཟང་འདི་ཁྱབ་གདལ་དུ་འགྲོ་བར་ང་ལ་ཡིད་ཆེས་ཡོད། ནང་སྒོས་སུ་ང་ཚོ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བློ་མཐུན་ཞིག་ལ་མཚོན་ན། འདི་ནི་ཧ་ཅང་རིན་ཐང་ལྡན་པ་ཞིག་རེད་ཟེར།
རྩོམ་སྒྲིག་པ། རིག་གྲོལ།