མཚོ་སྔོན་ཞིང་ཆེན་གྱིས་མང་ཚོགས་ལ་སྤྱི་ཚོགས་འགན་བཅོལ་བྱང་བུ་ཁྲི་546.72སྤྲད།
སྤེལ་དུས 2020-01-16
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་པ་པོ།
2019ལོའི་ཟླ12པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་སུ་སྤྱི་ཚོགས་འགན་སྲུང་བྱང་བུ་ཁྲི546.72བཟོས་ནས་སྤྲད་དེ་མཚོ་སྔོན་ཞིང་ཆེན་གྱི་རྒྱུན་སྡོད་མི་འབོར90%ལ་ཁྱབ་ཡོད།
སྤྱི་ཚོགས་འགན་སྲུང་བྱང་བུ་དེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་སྒོའི་ཁྱབ་ཁོངས་སུ་ཁྱབ་ནས།རིམ་བཞིན་སྤྱི་ཚོགས་འགན་སྲུང་བྱང་བུ་དེ་ལས་ཞུགས་ལས་གཏོད། སྤྱི་ཚོགས་འགན་སྲུང་། མི་དོན་རྒྱུགས་ལེན། ངལ་རྩོལ་འབྲེལ་བ་སོགས་ལས་སྒོའི་ཁྱབ་ཁོངས་སུ་སྤྱོད་ཐུབ་པ་བྱས་ནས། ད་ཆར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱང་བུ78ཀྱི་ཁྱབ་ཁོངས་སུ་སྤྱོད་བཞིན་ཡོད་པ་རེད། སྤྱི་ཚོགས་འགན་སྲུང་བྱང་བུ་དབང་པོ་སྐྱོན་ཅན་གྱི་ལས་སྒོའི་ཁྱབ་ཁོངས་སུ་སྤྱོད་ཐུབ་པ་བྱས་ནས། རྒྱལ་ཡོངས་ཀྱི་སྔོན་ལ་དབང་པོ་སྐྱོན་ཅན་ལ་སྤྱོད་གོ་ཆོད་པའི་སྤྱི་ཚོགས་འགན་སྲུང་བྱང་བུ་རབས་གསུམ་པ་སྤྲད་པ་རེད།
གླེང་རིན་ཡོད་པ་ཞིག་ནི། 2019ལོའི་སྟོན་དུས་ཀྱི་སློབ་དུས་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་སློབ་ལོ་མ་རན་པའི་བྱིས་པའི་སློབ་སྐྱོང་གྲོན་དངུལ་སྤྲོད་མཁན་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར་གྱིས་སྤྱི་ཚོགས་འགན་ལེན་བྱང་བུ་སྤྲད་ཡོད་པ་རེད། 2020ལོའི་ཟླ1ཚེས1ཉིན་ནས་བཟུང་། རོང་འབྲོག་མང་ཚོགས་ལ་ཕན་པའི་ནོར་སྲིད་ཁ་གསབ་མ་དངུལ་སྤྱི་ཚོགས་འགན་ལེན་བྱང་བུ་བརྒྱུད་སྤྲོད་བྱ་རྒྱུ་ཡིན་པ་རེད།
སྤྱི་ཚོགས་འགན་སྲུང་གི“གོ་གཅིག་ཆོད་ཀྱི་བྱང་བུ”བཀོལ་སྤྱོད་བྱས་པ་ནི་མཚོ་སྔོན་ཞིང་ཆེན་གྱིས་“གློད་སྡོམ་ཞབས”གསུམ་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ། སྲིད་དོན་དམངས་ཕན་སྐུལ་འདེད་གཏང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། སྤྱི་ཚོགས་འགན་སྲུང་བྱང་བུ་ཡི་ཐོབ་ཐང་དཔང་འཛིན། ཆ་འཕྲིན་ཐོ་འགོད། རང་འགུལ་འདྲི་རྩད། སྨན་བཅོས་རྩིས་རྒྱག གྲོན་དངུལ་སྤྲོད་པ། ཐོབ་ཐང་ལེན་པ། དངུལ་རྩའི་གཏང་སྤྲོད་སོགས་ཀྱི་ནུས་པ་རིམ་བཞིན་འདོན་སྤེལ་བྱས་ཏེ། སྤྱི་ཚོགས་འགན་བཅོལ་དང་། སྨན་བཅོས་འགན་ལེན། ལས་ཞུགས་ཞབས་ཞུ། དབང་པོ་སྐྱོན་ཅན་བཀོལ་སྤྱོད་བཅས་དང་། དེ་བཞིན་ནོར་སྲིད་དམངས་ཕན་སོགས་ལས་སྒོའི་ཁྱབ་ཁོངས་ཀྱི་བཀོལ་སྤྱོད་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་བས། སྤྱི་ཚོགས་འགན་སྲུང་བྱང་བུ་ལ“གོ་གཅིག་ཆོད་ཀྱི་བྱང་བུའི”རྣམ་པ་ཐོན་པ་རེད།
རྩོམ་སྒྲིག་པ། རིག་གྲོལ།