ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2024ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > མི་དམངས་འཐུས་ཚོགས།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སུན་ཏུང་མིང་གིས་ཚན་རྩལ་གསར་གཏོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྐོར་ལ་ཐབས་འདོན་ཇུས་འབུལ་བྱེད་ཀྱི་ཡིན་ཞེས་བརྗོད་པ།

སྤེལ་དུས 2024-03-05 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།


              རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སུན་ཏུང་མིང་ནི་ཀྲུང་གོ་ཚན་རིག་ཁང་ལྕགས་རིགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་དང་། འབུམ་རམས་པའི་མཛུབ་ཁྲིད་སློབ་དཔོན། རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩ་ཐོབ་མཁན་བཅས་ཡིན།

              འགན་འཁྲི་སྒྲུབ་རིང་སུན་ཏུང་མིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ལེའོ་ཉིང་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་བྱེད་སྒོ་སྣ་ཚོགས་ལ་ཐེངས་མང་ཞུགས་པ་མ་ཟད། གཞི་རིམ་དུ་བརྟག་ཞིབ་སློབ་སྦྱོང་བྱེད་པར་ཕེབས་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་ནུས་ཆེ་རུ་བཏང་བ་རེད།

              སུན་ཏུང་མིང་གིས“ཞིབ་འཇུག་པ་ཞིག་བྱེད་པར་རང་ཉིད་ཀྱི་ཚན་ཞིབ་ཡག་པོ་སྒྲུབ་ན་འགྲིག རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས་ཚན་རྩལ་རིགས་ཁོངས་དང་ཚན་རྩལ་ལས་དོན་པའི་ད་ཡོད་ཀྱི་གནས་ཚུལ་དང་། དཀའ་གནད། རེ་སྒུག་བཅས་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྐོར་ལ་ཐབས་འདོན་ཇུས་འབུལ་བྱེད་ཀྱི་ཡིན”ཞེས་གསུངས་པ་རེད། འདི་ནི་སུན་ཏུང་མིང་གིས་ཧྲེན་དབྱང་གྲོང་ཁྱེར་དུ་གནས་པའི་ཀྲུང་གོ་ཚན་རིག་ཁང་ལྕགས་རིགས་ཞིབ་འཇུག་སུའོ་ན་སྨི་ཐཱན་རྒྱུའི་གློག་རྡུལ་ལྷུ་ལག་གི་ཚོད་ལྟ་ཁང་དུ་ལས་ཀ་བྱེད་བཞིན་པ།


རྩོམ་སྒྲིག་པ། རིག་གྲོལ།