ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2024ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > མི་དམངས་འཐུས་ཚོགས།

འགན་འཁྲི་སྒྲུབ་པའི་ལོ་གཅིག་རིང་། ཝང་ཧའེ་ཡིས་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་ཆགས་པར་ཐབས་འདོན་ཇུས་འབུལ་བྱེད་ཀྱི་ཡིན།

སྤེལ་དུས 2024-03-07 ཡོང་ཁུངས། རྩོམ་པ་པོ།
འདི་ནི་ཝང་ཧའེ་ཡིས་ཀྲུང་གོ་རླངས་འཁོར་ཆི་ཆི་ཧར་རླངས་འཁོར་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་ལས་ཀ་བྱེད་བཞིན་པ། 
            རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཧའེ་ནི་ཀྲུང་གོ་རླངས་འཁོར་ཆི་ཆི་ཧར་རླངས་འཁོར་ཚད་ཡོད་ཀུང་སིའི་ཟོག་འདྲེན་རླངས་འཁོར་ཡན་ལག་བཟོ་གྲྭའི་ཚ་ལ་རྒྱག་མཁན་གྱི་མཐོ་རིམ་ལག་རྩལ་ཆེ་མོ་བ་དང་། མཐོ་རིམ་ལག་རྩལ་ཆེ་མོ་བ། ཀྲུང་གོ་རླངས་འཁོར་གྱི་དབུ་བཞུགས་རྩལ་ནུས་རིགས་གཅིག་མཁས་ཅན་བཅས་ཡིན། 2023ལོར་ཝང་ཧའེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིར་བདམས་ཡོད། འགན་འཁྲི་སྒྲུབ་པའི་ལོ་གཅིག་རིང་ཁོང་གིས་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་ཚོགས་པའི་སྣེ་ཁྲིད་དེ་ཚ་ལ་རྒྱག་པའི་ལག་རྩལ་ཐད་ཟམ་མི་ཆད་པར་འགག་སྒྲོལ་དཀའ་སེལ་བྱས་པ་དང་། འཐབ་ས་དང་པོའི་རྩལ་ནུས་ཤེས་ལྡན་པའི་འཚར་ལོངས་ལ་སེམས་ཁུར་བྱས་ནས་རྩལ་ནུས་ཤེས་ལྡན་པ་500ཙམ་གསོ་སྐྱོང་བྱས་ཏེ་ཁོང་ཚོའི་རྩལ་ནུས་ཆུ་ཚད་མཐོ་རུ་བཏང་ཡོད། 
            ལིའུ་ཅན་མིང་གིས་གྲོང་གསེབ་དར་རྒྱས་གཏོང་བར་མི་རབས་མང་པོས་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུར་བརྟེན་དགོས། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ཉེར་ཡོད་པའི་སྐབས་སུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཀྲེ་ཅང་ཞིང་ཆེན་ཧྲའོ་ཤིང་གྲོང་ཁྱེར་ཁོ་ཆའོ་ཆུས་ལི་ཀྲུའུ་གྲོང་རྡལ་ཐང་ཏིས་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཅན་མིང་གིས་མུ་མཐུད་གྲོང་ཚོར་འདྲི་རྩད་བྱས་ཏེ་གྲོས་འགོར་མཐའ་མའི་བཟོ་བཅོས་བརྒྱབ་པ་རེད། ཐང་ཏིས་གྲོང་ཚོ་ནི་མེ་ཏོག་གི་ལས་རིགས་ལ་བརྟེན་ནས་ཕྱུག་པོ་ཆགས་པའི་རི་གྲོང་ཆུང་ཆུང་ཞིག་ཡིན་པ་དང་། གྲོང་མི་ཚོས་སྲོལ་རྒྱུན་གྱི་སྣ་མའི་མེ་ཏོག་འདེབས་པ་ནས་འགོ་བཙུགས་ཏེ་མེ་ཏོག་དང་སྡོང་ཕྲུག་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་ཕྱུག་འགྱུར་ལམ་དུ་སྐྱོད་ཡོད། གཞི་རིམ་གྱི་འཐུས་མི་ཞིག་ཡིན་པའི་ལིའུ་ཅན་མིང་གིས་འདི་ལོ་པེ་ཅིང་དུ་གྲོས་འགོ་3འདོན་རྒྱུ་ཡིན་པའི་ནང་། གྲོང་གསེབ་ཀྱི་ལུས་རྩལ་དང་། གྲོང་གསེབ་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་ཁུལ། གཙོ་གནད་མི་ཚོགས་ཀྱི་སྨན་བཅོས་ཞབས་ཞུ་སོགས་ལ་དོ་ཁུར་བྱེད་ལུགས་ཚུད་ཡོད་པ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཐབས་འདོན་ཇུས་འབུལ་བྱ་རྒྱུ་རེད། 
            ལེ་ཚན་གཏོད་པའི་གཏམ།
            དངོས་དོན་བརྟག་ཞིབ་བྱས་ནས་གྲོས་འགོ་བཏོན། འགན་འཁྲི་ནན་སྒྲུབ་ལམ་དུ་མཐའ་འཁྱོངས་བྱེད། འདས་ཟིན་པའི་ལོ་གཅིག་རིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རྒྱལ་ཇུས་བློ་ལ་འཆང་བ་དང་། དམངས་འཚོར་བརྩེ་བ་འཆང་བ། དམངས་འདོད་གཅིག་སྡུད་བྱེད་པ། སྟོབས་ཤུགས་གཅིག་ཏུ་འགྲིལ་བ་བཅས་བྱས་ནས་ཚད་གཞི་ལོན་པའི་འགན་སྒྲུབ་ཀྱི་རྒྱུགས་ལན་ཞིག་ཕུལ་ཏེ། དུས་རབས་གསར་པའི་འཐུས་མི་དང་ཨུ་ཡོན་ཚོའི་བཀྲག་མདངས་འཚེར་བའི་ཉམས་འགྱུར་མངོན་པར་བྱས་ཡོད། ཚོགས་འདུ་གཉིས་འཚོག་ཉེར་ཡོད་པའི་མཚམས་སུ། འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང་། “འགན་འཁྲི་སྒྲུབ་པའི་ལོ་གཅིག་རིང”ཞེས་པའི་ལེ་ཚན་བཏོན་ཏེ་ཚང་མ་དང་མཉམ་དུ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་ཉེར་ཡོད་པའི་འཐུས་མི་ཨུ་ཡོན་དང་མཉམ་དུ་ཁོང་ཚོའི་འགན་སྒྲུབ་གོམ་སྟབས་ཀྱི་རྗེས་སུ་སྙེག་པ་དང་ཁོང་ཚོའི་འགན་སྒྲུབ་ཀྱི་བསམ་འདུན་ཉན་རྒྱུ་ཡིན། 
འདི་ནི་ལིའུ་ཅན་མིང་གིས་ཐང་ཏིས་གྲོང་ཚོའི་སྣ་མའི་མེ་ཏོག་འདེབས་འཛུགས་རྟེན་གཞིར་སྣ་མའི་མེ་ཏོག་སྐྱེ་འཚར་ལ་ལྟ་བཞིན་པ།