ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༨ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > གསར་འགྱུར།

སྲིད་གྲོས་སྐབས་བཅུ་གཉིས་པར་ཁྱོན་གྲོས་གཞི་29378འབྱོར་བ། གྲོས་གཞི་99%ལ་ལན་བཏབ་པ།

སྤེལ་དུས 2018-03-06 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། མཁའ་འགྲོ།
            ལོ་ལྔའི་རིང་སྲིད་གྲོས་སྐབས་བཅུ་གཉིས་པར།
            ཁྱོན་གྲོས་གཞི་29378འབྱོར་བ།
            ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་23975ཐོ་འགོད་བྱས་པ།
            སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དབན་ཀང་གིས་ཟླ་3ཚེས་3ཉིན་གྱི་ཕྱི་དྲོ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་སྙན་སེང་ཞུས་པ། 2018ལོའི་ཟླ་2ཚེས་20ཉིན་བར་གྲོས་གཞི་99%ལ་ལན་བཏབ་པ།