ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༨ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > འཐུས་མི་དང་ཨུ་ཡོན།

མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་རྒྱལ་མཚན་གྱིས“ལྷོ་པའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་མུ་མཐུད་དོ་ཁུར་གནང་རོགས”ཞེས་བརྗོད་པ།

སྤེལ་དུས 2018-03-07 ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ། མཁའ་མཚོ་སྐྱིད།
             1989ལོར་སྐྱེས་པའི་བཀྲ་ཤིས་རྒྱལ་མཚན་ནི་གཞི་རིམ་ནས་ཡོང་བའི་ལྷོ་པ་མི་རིགས་ཀྱི་འཐུས་མི་ཞིག་རེད།
             2012ལོར་སློབ་གྲྭ་ཆེ་མོ་ཐོན་རྗེས་བཀྲ་ཤིས་རྒྱལ་མཚན་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཁྲིམས་འཛིན་ཅུས་སུ་ལས་ཀ་བྱས་པ་དང་། ལས་ཀའི་གྲུབ་འབྲས་གཟེངས་སུ་ཐོན་པའི་དབང་གིས་ཕྱིས་སུ་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཏང་ཨུད་ཀྱི་ཨུ་ཡོན་དང་མི་དམངས་དྲག་ཆས་པུའི་པུའུ་ཀྲང་གི་འགན་ཁུར། 2017ལོར་བཀྲ་ཤིས་རྒྱལ་མཚན་གྲོང་ཚོར་བཅའ་སྡོད་བྱས་པ་དང་གྲོང་གསེབ་ནས་ཡིན་པའི་ཁོང་གིས་གྲོང་སྡོད་ཀྱི་ཉམས་མྱོང་ནི་མི་ཚེའི་ཁྲོད་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་སྟེ་གཞི་རིམ་གྱི་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་པ་མ་ཟད། མང་ཚོགས་དང་འབྲེལ་བ་ཇི་ལྟར་བྱེད་དགོས་ཚུལ་ཡང་ཤེས།
             རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་བའི་བཀྲ་ཤིས་རྒྱལ་མཚན་ལ་གཏམ་དྲང་པོ་བརྗོད་པའི་སེམས་ཤུགས་ཆེ་བའི་ཁར་འགན་འཁྲིའང་ཆེན་པོ་ལྡན།
             བཀྲ་ཤིས་རྒྱལ་མཚན་གྱིས་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ལ་རོགས་སྐྱོར་ཆེན་པོ་བྱས་པར་བརྟེན་ལྷོ་པ་རིགས་ཀྱི་མི་རྣམས་སྡོད་ཁང་ལེགས་པ་དང་། ཡོང་འབབ་ཡག་པ། འཚོ་བ་སྐྱིད་པ་བཅས་མི་སྨོན་རང་སྐྱིད་ཀྱི་འཚོ་བ་སྐྱེལ་བཞིན་ཡོད། ལྷོ་པའི་རིག་གནས་ཀྱང་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱུང་བ་དང་ལྷོ་པ་རིགས་ཀྱི་རྒྱན་གོས་དང་ལྷོ་པ་རིགས་ཀྱི་མེས་པོའི་ངག་རྒྱུན་ཡང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་མ་ཟད། ལྷོ་པ་མི་རིགས་ཤང་དུ་ལྷོ་པའི་སྐད་ཀྱི་སློབ་ཚན་འཁྲིད་ཀྱི་ཡོད་ཅེས་བརྗོད། བཀྲ་ཤིས་རྒྱལ་མཚན་གྱིས་ལྷོ་པའི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་པ་དང་། ལྷོ་པ་རིགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས་སེམས་ཤུགས་སྒུལ་ཤུགས་སུ་བསྒྱུར་བ་དང་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ལྷོ་པའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཐབས་འདོན་ཇུས་འདོན་ཧུར་ཐག་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།