དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > 2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > འཐུས་མི་དང་ཨུ་ཡོན།

ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ལས་འགན་སྒྲུབ་ཚུལ་ཡར་ཞུ་བྱས།

སྤེལ་དུས 2019-03-01 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
          ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོབ་བྱེད་པའི་སྐོར་གྱི་གཏན་འཁེལ་འགའ་ལྟར། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་ལོར་རེར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་ནས་ལས་འགན་སྒྲུབ་ཚུལ་ཡར་ཞུ་བྱས། ཉེ་བའི་དུས་སྐབས་ཤིག་ལ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་གཏན་འཁེལ་ལྟར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་ནས་ལས་འགན་སྒྲུབ་ཚུལ་ཡར་ཞུ་བྱས་པ་དང་ཞི་ཅིན་ཕིང་གིས་ནན་ཏན་སྒོས་ལས་འགན་སྒྲུབ་ཚུལ་སྙན་ཞུ་ཞིབ་ཀློག་བྱས། ཁོང་གིས་བསྟན་དོན། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཏང་དང་མི་དམངས་ཀྱིས་གནང་བའི་ལོ་རྒྱུས་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ་དང་གུང་ཁྲན་ཏང་མིའི་ཆབ་སྲིད་རང་མདངས་དང་གསར་བརྗེ་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། ཏན་ཏན་ཏིག་ཏིག་སྒོས་ཏང་དང་མི་དམངས་ལ་བྱ་བ་བསྒྲུབ་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་གསར་གཏོད་བརྩོན་ལེན་དང་མཁྲེགས་གཏོར་དཀའ་སེལ་བྱེད་པ་དང་། སྤོབས་པ་ཆེན་པོས་ཁག་ཁུར་དང་འཐབ་རྩོད་བྱེད་དགོས་ལ། སྤྱོད་གཙང་རང་གཅུན་དང་ནན་ཏན་སྒོས་བྱ་བ་བསྒྲུབ་ནས། ཏང་ཡོངས་ལ་དཔེ་སྟོན་གྱི་ནུས་པ་འདོན་དགོས་ཟེར།
          ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་ལོ་གཅིག་གི་རིང་ལ་འགན་འཁྲི་ལག་བསྟར་བྱས་པའི་གནས་ཚུལ་ལ་དམིགས་ཏེ། འགན་སྒྲུབ་སྙན་ཞུ་ཞིབ་མོར་བྲིས། འགན་སྒྲུབ་སྙན་ཞུའི་ནང་དུ་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཕིང་གི་རེ་བ་ལྟར་བསམ་བློ་དང་བྱ་བ། སྤྱོད་ཚུལ་བཅས་དང་སྦྲེལ་ཏེ་ཉམས་མྱོང་སྤྱི་བསྡོམས་བྱས་ཡོད་པ་དང་གནད་དོན་ལ་རྩད་གཅོད་དང་དེ་ལེགས་སྒྱུར་བྱེད་པའི་བྱེད་ཐབས་བཀོད་ཡོད་ལ། བྱ་བའི་འཆར་གཞི་དང་བསམ་འཆར་དང་གྲོས་གཞི་སོགས་བརྗོད་ཡོད། །
རྩོམ་སྒྲིག་པ། རྡོ་རྗེ།