ཀྲུང་གོའི་བོད་ལྗོངས་དྲ་བ། > 2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > འཐུས་མི་དང་ཨུ་ཡོན།

ཚོགས་འདུ་གཉིས་ལ་ལྟ་བ། བོད་ལྗོངས་ཀྱི་རྣམ་པ་གསར་བ་སྟེ། འགན་སྒྲུབ་སོ་སོ་རྣམ་པར་གསལ་བ།

སྤེལ་དུས 2018-03-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
             ཟླ་གསུམ་པའི་པེ་ཅིང་དུ་དཔྱིད་ཀའི་བསིལ་རླུང་འཇམ་པོ་དལ་གྱིས་ལྡང་ཞིང་།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་རྒྱལ་སར་འཛོམས་ཏེ་རྒྱལ་ཁབ་ཀྱི་ལས་དོན་རྣམས་གྲོས་བསྡུར་བྱེད།  ཁོ་ཚོའི་ཁྲོད་ཀྱི་གསར་ཐོན་འཐུས་མིས་ཚོགས་འདུའི་འཐུས་མི་ཡོངས་ཀྱི་ཨུ་3/4ཟིན་ཞིང་། ཨུ་ཡོན་ཕྱེད་ཀ་ནི་གསར་བ་ཡིན་ལ།  སྐབས་འདིའི་བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ལས་རིགས་ཁག་བཅུ་གཉིས་སུ་གཏོགས་པ་དང་།  དེའི་ཁྲོད་ཀྱི་གསར་བསྐོས་ཨུ་ཡོན་བཅུ་བདུན་གྱིས་སྤྱིའི་མི་གྲངས་ཀྱི60%ཟིན་གྱི་ཡོད།  
བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོའི་ཉམས་འགྱུར།  བསྟན་འཛིན་ཤེར་བསྟན་གྱིས་པར་བླངས།  
             ཚོགས་འདུ་གཉིས་ཀྱི་བོད་ལྗོངས་ཀྱི་རྣམ་པ་གསར་བ།  
             ཐོག་དང་པོར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་།  སྲིད་གྲོས་ཨུ་ཡོན་ཚོས་ཁ་བརྡ་དང་གཏམ་གླེང་གི་བར་དུ་འགོག་ཐབས་བྲལ་བའི་ནང་སེམས་ཀྱི་རེ་སྒུག་དང་སེམས་འགུལ་མངོན་ཡོང་།
རི་མོ་འདི་ནི་གསར་བསྐོས་བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་སློབ་སྦྱོང་གི་བར་གསེང་དུ་འགན་འཁྲི་སྒྲུབ་ནུས་ཇི་ལྟར་ཆེ་རུ་གཏོང་བའི་ཐད་ནས་བསམ་བློ་བརྗེ་རེས་བྱེད་པ།  གསར་འགོད་པ།  བསྟན་འཛིན་ཤེར་བསྟན་གྱིས་པར་བླངས།  
             འཐུས་མི་གསར་པས་འདི་ལྟར་བཤད།  
             རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲོལ་དཀར།  
             “པེ་ཅིང་དུ་ཚོགས་འདུར་ཞུགས་པར་ཡོང་བ་དང་།  སེམས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མཇལ་ཐུབ་པ་དྲན་ཚེ་སེམས་འགུལ་ཆེན་པོ་ཐེབས་ཏེ་ཧ་ཅང་དགའ་སྤྲོ་སྐྱེས”ཞེས་བཤད།  
             རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་བདེ་སྐྱིད་དེ།  ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་སྤང་ཞིང་ཤང་སློབ་ཆུང་གི་སློབ་གཙོ།  
             “མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པའི་ཆ་ནས།  ང་ཚོས་མང་ཚོགས་དུང་ཕྱུར་མང་པོའི་རེ་སྒུག་འཁུར་ཡོད་ཅིང་།  སློབ་ཆུང་གི་སློབ་གཙོ་ཞིག་ཡིན་པའི་ཆ་ནས།  ངས་ཀྱང་ཕྲུ་གུ་རྣམས་ཀྱི་ཕུགས་འདུན་འཁྱེར་ཡོང་ཡོད།  ངས་རང་ཕྲག་ཏུ་འཁུར་བའི་བླ་མེད་ཀྱི་འགན་འཁྲི་ཟབ་མོ་ཚོར་ཡོད་ལ།ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འབོད་སྐུལ་ཡང་ཚོར་བྱུང་”ཞེས་བཤད།
             རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་རྒྱལ་མཚན།  
             “ཉེ་བའི་ལོ་ཤས་རིང་།  རྒྱལ་ཁབ་ཀྱིས་མི་འབོར་ཅུང་ཉུང་བའི་མི་རིགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཧ་ཅང་ཆེ་ཞིང་།  ལྷོ་པ་རིགས་ཀྱི་མི་རྣམས་ཁང་པ་བཟང་པོའི་ནང་དུ་སྡོད་རྒྱུ་བྱུང་བ་དང་།  ཡོང་འབབ་ཡག་པོ་བྱུང་སྟེ་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་ཞིང་།  ལྷོ་པའི་རིག་གནས་ལའང་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱེད་ཐུབ་སྟེ།  ལྷོ་པ་རིགས་ཀྱི་རྒྱན་གོས་དང་ལྷོ་པ་རིགས་ཀྱི་མེས་པོའི་ངག་རྒྱུན་གྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་དུ་བཞག་པ་དང་།  ལྷོ་པ་མི་རིགས་ཤང་དུ་ལྷོ་པའི་སྐད་ཡིག་སློབ་ཚན་བཙུགས་ཡོད་པ་རེད”ཅེས་བཤད། 
             བཀྲ་ཤིས་རྒྱལ་མཚན་གྱིས་བཤད་རྒྱུར།  ལྷོ་པའི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་ཞིང་།  ལྷོ་པ་མི་རིགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ཆ་ནས།  ཁོས་གནོན་ཤུགས་སྒུལ་ཤུགས་སུ་བསྒྱུར་ཏེ་རང་སྟེང་གི་ལེགས་ཆ་འདོན་སྤེལ་བྱས་ནས་ལྷོ་པའི་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་ཐད་ཐབས་འདོན་ཇུས་འདོན་བྱ་རྒྱུ་ཡིན་ཞེས་བཤད།  
             རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚེ་རིང་གཡང་འཛོམས།  ཆབ་མདོ་གྲོང་ཁྱེར་བོད་སྨན་ཁང་འཇུ་བྱེད་ཚན་ཁག་གི་ཀྲུའུ་རེན་གཞོན་པ།  
             “ད་ཆ་ཆབ་མདོ་གྲོང་ཁྱེར་གྱིས་བོད་ལྗོངས་འཕྲོད་བསྟེན་གྲོང་ཁྱེར་བདེ་བླག་ངང་འཛུགས་སྐྲུན་བྱས་ཤིང་།  རིགས་སོ་སོའི་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་འགྲམ་ནས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་དང་།  ཚང་མས་སེམས་བསམ་པའི་གཏིང་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་།  རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན”ཞེས་བཤད།  
             རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒོ་གོག  ལྷ་ས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་།  ཧྲི་ཀྲང་།  
             “བོད་ལྗོངས་ཀྱིས་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ་གང་མགྱོགས་ཀྱིས་གསར་གཏོད་བྱེད་བཞིན་ཡོད་ཅིང་།  རང་འགུལ་གྱིས“རྒྱུད་གཅིག་ལམ་གཅིག”ནང་དུ་ཞུགས།  ལྷ་ས་གྲོང་ཁྱེར་ནི་རང་སྐྱོང་ལྗོངས་ཀྱི་ལྟེ་གནས་གྲོང་ཁྱེར་ཡིན་པའི་ཆ་ནས་བོད་དབུས་ལྷོའི་དཔལ་འབྱོར་ཁུལ་གྱི་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་པོས་ཐོན་པ་དང་།  གྲོང་ཁྱེར་གྱི་དཔལ་འབྱོར་གཅིག་སྡུད་ནུས་པ་འདོན་སྤེལ་བྱ་རྒྱུར་མ་དངུལ་བཞག་པའི་ཕན་འབྲས་ཇེ་ཆེར་གཏོང་རྒྱུ་དང་།  གྲོང་ཁྱེར་འཕེལ་རྒྱས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ལ་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་ཡོད”ཅེས་བཤད།  
             ཨུ་ཡོན་གསར་པས་འགན་སྒྲུབ་མགོ་བརྩམས་པ།  
             
             རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན། སྨན་གྲོང་ནོར་བུ་སྲིད་ཐར།  
             “བོད་ལྗོངས་ནས་ཕེབས་པའི་གསར་བསྐོས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་པ་དེས་ངར་སྐུལ་ལྕག་ཆེན་པོ་འཐོབ་ཡོད་ཅིང་།  དེ་ནི་ངའི་གཟི་བརྗིད་ཅིག་ཡིན་ལ་འགན་འཁྲི་ཞིག་ཀྱང་ཡིན།   ངས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་།  གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ་ཧུར་ཐག་སྒོས་སྲིད་ཞུགས་སྲིད་མོལ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་།  དུས་མཚུངས་སུ་ཚོགས་འདུའི་ཐོག་ལོ་འདི་འགའི་རིང་ལ་བྱུང་བའི་བོད་ལྗོངས་ཀྱི་འགྱུར་ལྡོག་ངོ་སྤྲོད་བྱེད་པ་དང་།  ལྷག་པར་དུ་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ཐད་ནས་ངོ་སྤྲོད་བྱེད་ཀྱི་ཡིན”ཞེས་བཤད།  
བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན( གཡོན་ནས་གཡས་)སྐལ་བཟང་ནོར་བུ་དང་།  སངས་རྒྱས་གྲགས་པ།  བསོད་ནམས་ཉི་མ།  མགོན་བཀྲ་ཆོས་དབང་སོགས་ཀྱིས་ཚོགས་འདུའི་བར་གསེང་ནས་གྲོས་གཞིའི་ནང་དོན་ལ་གྲོས་བསྡུར་བྱེད་པ།  བསྟན་འཛིན་ཤེར་བསྟན་གྱིས་པར་བླངས།  
             རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མགོན་བཀྲ་ཆོས་དབང་།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་།  ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ།  
             “གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས།  ངས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་།  རང་ཁུར་ལས་འགན་འགྲུབ་པར་བྱེད་པ་དང་།  སྲིད་གྲོས་ཨུ་ཡོན་གྱི་གཟི་བརྗིད་དང་འགན་འཁྲི་མི་བརྗེད་པར་རང་འཁྲིའི་ལས་ཀ་ལེགས་པོར་བསྒྲུབས་པ་དང་།  རང་ཉིད་ཀྱི་སྟོབས་ཤུགས་འདོན་སྤེལ་ཟབ་མོ་བྱས་ཏེ་ཆབ་སྲིད་ཀྱི་འགན་སེམས་ཀྱིས་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་ཧུར་ཐག་སྒོས་བསྒྲུབ་རྒྱུ་དེ་ཡིན”ཞེས་མགོན་བཀྲ་ཆོས་དབང་གིས་བཤད་ཅིང་།  ཁོས་ཐེངས་འདིར་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་མཉམ་གཅིག་ཏུ་དགྱེས་སྟོན་ཆེན་མོར་འཛོམས་ཏེ་རྒྱལ་དོན་གྲོས་བསྡུར་བྱས་ནས་སེམས་གཏིང་ནས་འགན་འཁྲི་གལ་ཆེན་ཡིན་པའི་ཚོར་བ་སྐྱེས་ཤིང་།  ཁོས་ཚོགས་འདུའི་རིང་ཨུ་ཡོན་འགན་འཛིན་ལ་སློབ་སྦྱོང་ནན་ཏན་བྱས་ཏེ་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་།  རྒྱལ་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་ཞིག་གི་འགན་འཁྲི་དང་འོས་འགན་ལག་བསྟར་ཡག་པོ་བྱས་ཏེ་ཚོགས་ཆེན་གྱི་ལས་འགན་ལེགས་འགྲུབ་ཕུན་སུམ་ཚོགས་པ་ཡོང་བར་ཁག་ཐེག་བྱ་རྒྱུ་ཡིན།  
             རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྤེན་པ་ལྷ་མོ།  
             རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་།  རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཨེ་ཤེ་ཡ་ལྷོ་མའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ།  
             “ང་རང་རླབས་ཆེན་གྱི་དུས་རབས་གསར་པ་འདི་འདྲ་ཞིག་ཏུ་འཚོ་བ་རོལ་བར་ལས་སྐལ་ཡག་ཅིང་།  དུས་མཚུངས་སུ་བོད་ལྗོངས་ནས་ཡོང་བའི་སྲིད་གྲོས་ཨུ་ཡོན་ཞིག་དང་།  སྤྱི་ཚོགས་ཚན་རིག་གི་ལས་ཀ་བྱེད་མཁན་ཞིག་ཡིན་པའི་ཆ་ནས།  དྲིན་འཇལ་གྱི་བསམ་པ་བཟང་པོ་ཞིག་འཛིན་དགོས་པར་མ་ཟད།  དེ་བས་ཀྱང་བོད་ལྗོངས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་ཉིད་ཀྱིས་བྱས་རྗེས་བཞག་པ་ན་ད་གཟོད་དུས་རབས་གསར་པའི་ལས་འགན་གསར་པ་ཕྲག་ཏུ་ལེན་ཐུབ”ཅེས་བཤད།  
             སྤེན་པ་ལྷ་མོས་བཤད་དོན།  རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཨེ་ཤེ་ཡ་ལྷོ་མའི་ཞིབ་འཇུག་ཁང་བཙུགས་ནས་ལོ་གཉིས་འགོར་མེད་པས་ཞིབ་འཇུག་ལས་ཀའི་རྨང་གཞི་ད་དུང་ཅུང་ཞན་པ་ཡིན།  དེར་བརྟེན་བསམ་བློ་དང་བྱ་སྤྱོད་རྣམས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཐོག་ཏུ་གཅིག་གྱུར་ཡོང་བ་བྱ་རྒྱུ་དང་།  བློ་གྲོས་དང་སྟོབས་ཤུགས་རྣམས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ཐོག་གཅིག་ཏུ་འདུ་བ་བྱས་ཏེ།  ཨེ་ཤེ་ཡ་ལྷོ་མའི་སྐམ་སའི་ཚོང་འགྲུལ་བགྲོད་ལམ་བཟོ་རྒྱུའི་ཞིབ་འཇུག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏིང་ཟབ་བྱས་ཏེ།  བོད་རང་སྐྱོང་ལྗོངས་དེ“རྒྱུད་གཅིག་ལམ་གཅིག་”གི་རྣམ་པ་ཆེན་པོའི་ནང་འདྲེས་སུ་འཇུག་ཆེད་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།  
             དུས་རབས་གསར་པའི་ནང་འགྲོ་ལམ་གསར་པ་བཏོད་པ་དང་།  ལས་འགན་གསར་པས་ལས་དོན་གསར་པར་འབོད་འགུག་བྱས་ཏེ།  འཐུས་མི་གསར་པ་དང་ཨུ་ཡོན་གསར་པའི་འགན་སྒྲུབ་ལམ་ལ་ཆས་ཤིང་།  ཁོ་ཚོས་ངེས་པར་དུ་འབད་བརྩོན་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་ཀྱི་བློ་ལ་བབ་པའི་རྒྱུགས་ལན་ཞིག་ཕུལ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད།