ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > 2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > གསར་འགྱུར།

པུའུ་ཀྲང་བགྲོད་ལམ་ཐོག་གི་དམངས་ཕན་གཏམ་བཟང་།

སྤེལ་དུས 2019-03-04 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། བློ་བཟང་རྒྱ་མཚོས་བསྒྱུར།
       རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག་མའི་པུའུ་ཀྲང་བགྲོད་ལམ་ཤར་གཏོང་བྱས་པ་དང་། པུའུ་ཨུད་ཀྱི་འགན་འཁུར་བ་མང་པོས་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་གླེང་བ།
       སྤྱི་ཚེས་༣ཉིན་གྱི་ཕྱི་དྲོ། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག་མའི་པུའུ་ཀྲང་བགྲོད་ལམ་དེ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་འགོ་ཚུགས་ཚོགས་འདུ་མཇུག་སྒྲིལ་རྗེས་དངོས་སུ་ཤར་གཏོང་བྱས་པ་དང་།   ཚན་པ་༦གི་འགན་འཁུར་བས་སྔ་རྗེས་སུ་བགྲོད་ལམ་ཐོག་ཕེབས་ནས།   གླེང་དོན་ཁག་མང་པོར་ལན་བཏབ་གནང་ཡོད།

        དམག་ཞབས་ཐིམ་པའི་དམག་མིའི་བྱ་དོན་པུའུ་ཡི་པུའུ་ཀྲང་སུན་ཧྲའོ་ཁྲེང་གིས་པུའུ་ཀྲང་བགྲོད་ལམ་ཐོག་དམག་ཞབས་ཐིམ་པའི་དམག་མིའི་བྱ་དོན་པུའུ་བཙུགས་ནས་ལོ་གཅིག་རིང་གི་ལས་དོན་གྱི་འཕེལ་རིམ་ངོ་སྤྲོད་གནང་བ་མ་ཟད། སླད་ཕྱིན་མུ་མཐུད་ནས་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུའི་འགན་ལེན་མ་ལག་དེ་ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར། རྫོང་། ཤང་། གྲོང་རྡལ། གྲོང་ཚོ་བཅས་ཚང་མར་ཁྱབ་ཐུབ་པ་བྱ་རྒྱུ་ཡིན་པའི་སྐོར་བསྟན་ཡོད།

        སྐྲན་འགོག་སྨན་དེ་སྨན་བཅོས་འགན་ལེན་ནང་ཚུད་པ་བྱ་རྒྱུ་ནི་རྒྱ་ཆེའི་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཞིག་ཡིན་ཞིང་། དེར་ཁ་ཕྱོགས་ནས་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུད་ཀྱི་ཅུད་ཀྲང་ཧུའུ་ཅིང་ལིན་གྱིས་པུའུ་ཀྲང་བགྲོད་ལམ་ཐོག སྐྲན་འགོག་སྨན་དེ་སྨན་བཅོས་འགན་ལེན་ནང་འཇུག་རྒྱུ་ནི་གོམ་པ་དང་པོ་སྤོ་བ་ཙམ་ཡིན་པ་དང་།  ད་ལོ་སྨན་བཅོས་འགན་ལེན་གྱི་དཀར་ཆག་སྐབས་བསྟུན་ལེགས་སྒྲིག་བྱ་རྒྱུ་སོགས་གཟིགས་སྐྱོང་སྲིད་ཇུས་སྔར་ལས་མང་པོ་ཞིག་འདོན་རྒྱུ་རེད་ཅེས་ལན་བཏབ་གནང་ཡོད།
        ཁོང་གིས། ནད་པའི་ངོས་ནས་བརྗོད་ན་གྲོས་འདེབས་སྨན་གང་མགྱོགས་ངང་བེད་སྤྱོད་ཐུབ་པ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད། ང་ཚོས་གཙོ་བོ་ཕྱོགས་གཉིས་ཀྱི་ཐད་ནས་ལས་དོན་བསྒྲུབས་ཡོད་དེ།  གཅིག་ནས་གྲོས་འདེབས་སྨན་རིན་གྱིས་དེ་སྔའི་སྨན་བཅོས་འགན་ལེན་སྤྱི་འབོར་གྱི་སྔོན་རྩིས་མི་ཟིན་རྒྱུའི་ཁ་གསལ་བཟོས་ཡོད།  གཉིས་ནས་འཕྲོད་བསྟེན་བདེ་ཐང་ཚན་པ་དང་མཉམ་དུ་དམིགས་བཙུགས་སྨན་བཅོས་ཚན་པས་སྨན་གྱི་ཟིན་ཚད་ཀྱི་བསྡུར་བའི་ཐོག་ནས་སྐྲན་འགོག་སྨན་བེད་སྤྱོད་ལ་ཤུགས་རྐྱེན་བཟོ་མི་ཆོག་པ་ཁ་གསལ་བཟོས་ཡོད་ཅེས་གསུངས་ཡོད།
        འབྱུང་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་ལི་ཀན་ཅེ་པུའུ་ཀྲང་བགྲོད་ལམ་ཐོག་མཇུག་ཏུ་ཕེབས་པ་དང་ཁོང་གིས། དོན་དངོས་ཀྱིས་ར་སྤྲོད་བྱས་པར། ཏང་ཀྲུང་དབྱང་གིས་འབྲེལ་ཡོད་འབྱུང་ཁམས་ཁོར་ཡུག་ཚན་པ་གསར་འཛུགས་བྱས་པའི་བསྒྱུར་བཅོས་སྲིད་ཇུས་དེ་ནི་ཧ་ཅང་ཡང་དག་པ་ཞིག་རེད། མིག་སྔའི་ཁོར་ཡུག་སྦགས་བཙོག་བཅོས་སྒྲིག་བྱེད་པའི་རྣམ་པ་ད་དུང་མི་རྣམས་ཀྱི་ཡིད་ཚིམས་པ་ཞིག་མིན་ལ་ཐ་ན་གནས་ཚུལ་ཚབས་ཆེ་ཙམ་ཡོད། བརྟན་པོའི་ཁྲོད་ཡར་རྒྱས་ཡོང་བ་བྱེད་དགོས་ན། གཅིག་ནས་འགག་གཏོར་དམག་འཐབ་ཡག་པོ་རྒྱག་དགོས་པ་དང་། གཉིས་ནས་རང་ནུས་ཅི་ལྕོགས་བྱེད་དགོས་པ། གསུམ་ནས་ནུས་པས་དཔག་ཚོད་ཀྱིས་ལས་དོན་བསྒྲུབ་དགོས། ལོ་རྒྱུས་ཀྱིས་བཞག་པའི་གནད་དོན་ཁག་ཡག་པོ་སེལ་བར། འགག་སྒྲོལ་དཀའ་སེལ་དང་། རྨང་གཞི་བརྟན་གཏོང་བྱེད་དགོས་པ་དང་། ཕྱི་ཚུལ་རིང་ལུགས་དང་ཕྱིའི་རྣམ་པ་ཙམ། རྫུན་མ་བཟོ་བ། གྲངས་གཞིའི་ཐོག་གི་ཁོར་ཡུག་སྲུང་སྐྱོང་དང་ཕྱིའི་རྣམ་པ་ཙམ་གྱི་ཁོར་ཡག་སྲུང་སྐྱོང་། འབོད་ཚིག་ཙམ་གྱི་ཁོར་ཡུག་སྲུང་སྐྱོང་བཅས་མི་ལྷག་པ་བྱས་ནས། ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་ཡོང་བ་འགན་ལེན་བྱེད་རྒྱུར་ཟོལ་མེད་ཀྱི་བསམ་པ་དགོས་ཞེས་གསུངས་ཡོད།
རྩོམ་སྒྲིག་པ། སྣང་རྡོ།