ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཚན་རྩལ་བོད་སྐྱོར་ལས་བོད་ཀྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་བ།

སྤེལ་དུས 2017-08-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ལོ་མང་རིང་། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཀྱི་ཐུགས་ཁུར་རྒྱབ་སྐྱོར་དང་། རྒྱལ་ཡོངས་ཚན་རྩལ་བོད་སྐྱོར་གྱི་རྒྱབ་སྐྱོར་ཤུགས་ཆེན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་བཅས་ཀྱི་འོག རང་སྐྱོང་ལྗོངས་ཚན་རྩལ་ཐིང་ཚན་ཁག་གིས་ལྗོངས་ཡོངས་ཀྱི་ཚན་རྩལ་ལས་དོན་པའི་སྣེ་ཁྲིད་དེ་ལས་དོན་ཧུར་ཐག་བསྒྲུབས་ནས། "ལས་སྟེགས་གཏོད་པ་དང་། ཆེད་དོན་གཉེར་བ། གཞན་སྒྱུར་ལ་སྐུལ་འདེད། ཁྱབ་གདལ་རྒྱ་ཆེར་གཏོང་བ་བཅས"བྱས་པར། ཚན་རྩལ་གསར་གཏོད་ཀྱི་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་ཡོད་པ་རེད།

           2009ལོར་རྒྱལ་ཡོངས་ཀྱི་ཚན་རྩལ་བོད་སྐྱོར་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན། ཚན་རྩལ་པུའུ་དང་། ཀྲུང་གོ་ཚན་རིག་སློབ་གླིང་། པུའུ་ཨུད་གཞན་དག་དང་མཐོ་རིམ་སློབ་གླིང་ཁག ཁ་གཏད་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚན་རྩལ་སྡེ་ཚན། ཚན་ཞིབ་ཚན་པ་བཅས་ཀྱིས་ཤེས་ལྡན་མི་སྣ་དང་། རྣམ་གྲངས། མ་དངུལ། ལག་རྩལ་སོགས་ཀྱི་ཐད་ནས་བོད་ཀྱི་ཚན་རྩལ་བྱ་གཞག་ལ་རོགས་སྐྱོར་ཤུགས་ཆེན་བྱས་པ་དང་། སྔ་རྗེས་སུ་ཚན་རྩལ་བོད་སྐྱོར་རྣམ་གྲངས་800ལྷག་ཙམ་ལག་ལེན་བསྟར་ནས་མ་དངུལ་སྒོར་དུང་ཕྱུར་9ལྷག་ཙམ་བཏང་ཡོད་པ་རེད།

          ཚན་རྩལ་རྣམ་གྲངས་རེ་རེ་ས་མཐོར་གཞི་ཚུགས་ནས་མངོན་གསལ་དོད་པའི་ནུས་པ་འདོན་སྤེལ་ཐུབ་པ་དང་། ཚན་རྩལ་བོད་སྐྱོར་མི་སྣ་རེ་རེས་གསོ་རླུང་དཀོན་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་ཀྱིས་ས་མཐོར་ལས་རྗེས་བཞག་ནས་ཀྲང་ཅ་མིང་ལྟ་བུའི་ཕུལ་བྱུང་ཚན་རྩལ་བོད་སྐྱོར་ལས་བྱེད་པ་ཁག་གཅིག་ཐོན་ཡོད། ཚན་རྩལ་པུས་རྒྱབ་སྐྱོར་བྱས་པའི་བོད་ཀྱི་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དང་། ཀྲུང་གོ་ཚན་རིག་ཁང་གིས་བསྐྲུན་པའི་མངའ་རིས་ས་ཁུལ་གྱི་མུན་སྐར་སྤྱི་གླིང་དང་ཡངས་པ་ཅན་འཇིག་རྟེན་འཕྲོ་ཐིག་ལྟ་དཔྱད་ཚད་འཇལ་བྱ་ཡུལ། པེ་ཅིང་གྲོང་ཁྱེར་གྱིས་ཚོགས་པའི་ཅིང་བོད་ལག་རྩལ་གཞན་སྒྱུར་ཚོགས་ཆེན་ཐོག་རོགས་སྐྱོར་བྱས་པའི་ལྷ་སའི་ཀུན་གཏོད་བར་ཁམས། ཧྲང་ཧའེ་གྲོང་ཁྱེར་གྱིས་རོགས་སྐྱོར་བྱས་པའི་རྒྱལ་རྩེ་རྫོང་གི"རོང་ས་དམར་པོའི"དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་། ལྷ་རྩེ་རྫོང་གི་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་། གྲོ་མོ་རྫོང་གི་ཁྱད་ལྡན་ཐོན་ལས་གླིང་། ཧྲན་ཏུང་ཞིང་ཆེན་གྱིས་རོགས་སྐྱོར་བྱས་པའི་པ་སྣམ་རྫོང་གི་སྔོ་ཚལ་ཐོན་ལས་རིམ་སྤོར། ཧུའུ་པེ་ཞིང་ཆེན་གྱིས་རོགས་སྐྱོར་བྱས་པའི་མཚོ་སྣ་རྫོང་གི་སྟོངས་ཉེའི་བོད་སྨན་སྨན་རྩ་མི་ཐབས་འདེབས་གསོ་ལག་རྩལ་ཞིབ་འཇུག་གསར་སྤེལ་རྟེན་གཞི་དང་སྣེ་གདོང་རྫོང་ཨན་ཧུའེ་ཚན་རྩལ་བོད་སྐྱོར་དཔེ་སྟོན་གླིང་སོགས་ལས་བོད་ཀྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།