ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་རྣམ་པ་གསར་པ་བཏོད་པ།

སྤེལ་དུས 2018-02-05 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སྙིང་ལྕགས།
          འདི་ལོའི་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》ནང“ཚན་སློབ་ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ་སྨན་བཅོས་དང་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས”ཞེས་བཏོན་གནང་བ་དེ་ཉིད་ཉིན་ཤས་བསྟུད་མར་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་གྲོས་བསྡུར་འཁྲུག་པོ་གནང་བའི་གླེང་གཞིའི་གྲས་ཤིག་ཏུ་གྱུར་ཡོད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཆེན་པོ་གནང་སྟེ། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་བའི་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ་དང་ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་ཐབས་ཇུས་བཀོད་སྒྲིག་གནང་སྟེ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་དང་ནང་སའི་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་བོད་ཀྱི“1+7”གྱི་རོགས་སྐྱོར་དང་ལེན་བྱེད་མཁན་སྨན་ཁང་ལ་(རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་གྲོང་ཁྱེར་དང་ས་ཁུལ་7གྱི་མི་དམངས་སྨན་ཁང་)ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་བྱ་རྒྱུ་ཡིན་པས། བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལེགས་ལ་མྱུར་ཞིང་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་རམ་འདེགས་ཐུབ་ངེས་ཡིན་པ་རེད།
          2017ལོར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་གནད་སྨིན་ཤུགས་འདོན་བྱས་པ་དང་། སྒྱུར་བཅོས་འཕེལ་རྒྱས་ཀྱི་སྤྱི་ཡོངས་རང་བཞིན་དང་། ཆ་ལག་ཚང་བའི་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་དེ་བས་མཐོང་ཆེན་བྱས་ཏེ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་ཡག་པོ་བྱས་པས། ལས་དོན་ཁག་ལ་འཕེལ་རིམ་དང་ཕན་འབྲས་གསར་པ་ཐོན་ཐུབ་པ་བྱུང་ཡོད།
          སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལ་བརྟེན་ནས“1+7”གྱི་རོགས་སྐྱོར་དང་ལེན་བྱེད་མཁན་སྨན་ཁང་(རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་གྲོང་ཁྱེར་དང་ས་ཁུལ་7གྱི་མི་དམངས་སྨན་ཁང་)གིས་གཙོས་པའི་སྨན་བཅོས་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། རིམ་རྩིས་བྱས་ན་རོགས་སྐྱོར་དང་ལེན་བྱེད་མཁན་སྨན་ཁང་8ལ་རྨང་གཞིའི་འཛུགས་སྐྲུན་དང་སྒྲིག་ཆས་ཉོ་སྒྲུབ་མ་དངུལ་སྒོར་དུང་ཕྱུར་38ལྷག་ཙམ་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ་སྨན་ཁང་འཛུགས་སྐྱོང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཡོད།
          “གཞན་ཡང་རིམ་མཚུངས་སྨན་ཁང་འཛུགས་སྐྲུན་བརྟན་ཐོག་ཡར་བརྩོན་ཁྲོད་ཚད་བརྒལ་ཆེན་པོ་བྱུང་བ་དང་ལྷ་ས་དང་། གཞིས་རྩེ། ཉིང་ཁྲི་བཅས་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་བདེ་བླག་ངང་ཀ་པ་རིམ་པ་གསུམ་པའི་དཔྱད་ཞིབ་ཀྱི་ཚད་གཞི་ལོན་ཡོད”ཅེས་ཟུར་ཞུགས་མི་སྣ་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་ཝང་ཡུན་ཐིང་གིས་དེ་ལྟར་གསུངས།
          2017ལོ་ཚུན། བོད་རང་སྐྱོང་ལྗོངས་ཀྱིས་《དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་མཛུབ་ཁྲིད་བསམ་འཆར་》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མོས་མཐུན་བརྒྱུད། 《དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》བཀྲམ་པ་དང་། “1+7”གྱི་རོགས་སྐྱོར་དང་ལེན་བྱེད་མཁན་སྨན་ཁང་གཙོ་གནད་དང་ཚད་བརྒལ་ཡོང་གཞིར་བྱས་ནས་རོགས་སྐྱོར་དང་ལེན་བྱེད་མཁན་སྨན་ཁང་8ཀྱིས་ལྗོངས་ཡོངས་ཀྱི་སྔོན་དུ་དེ་མིན་གྱི་རིམ་པ་ཁག་དང་རིགས་ཁག་གི་གཞུང་བཙུགས་སྨན་ཁང་དུ་སྤྱི་ཕན་རང་བཞིན་སྲུང་སྐྱོང་དང་། ཧུར་སེམས་སྐོང་འཐེན། རྒྱུན་མཐུད་འགན་ལེན་བཅས་ཀྱི་གཞུང་བཙུགས་སྨན་ཁང་གི་འཁོར་སྐྱོད་ལམ་སྲོལ་གསར་པ་ཆགས་རྒྱུ་དང་སྣེ་ཁྲིད་བྱ་རྒྱུར་སྐུལ་འདེད་བཏང་བས། སྨན་ཁང་གི་དོ་དམ་ཚད་ལྡན་ཅན་དང་ཞིབ་ཕྲ་ཅན་ལ་སྐུལ་འདེད་བཏང་བ་དང་། རིག་ཚན་འཛུགས་སྐྱོང་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་ཆུ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
          “ནད་པར་ནད་གཞི་ལྟ་ཐུབ་པ་དགོས་ལ་ནད་གཞི་ཡག་པོ་ལྟ་ཐུབ་པ་བྱས་ནས་ནད་པས་ནད་གཞི་ལྟ་སྐབས་ཐོབ་ཚོར་ཡོད་པ་བྱེད་དགོས”ཞེས་ཝང་ཡུན་ཐིང་གིས་གསར་འགོད་པར་བཤད། ཁོང་གིས་2018ལོའི་ཟླ་1ཚེས་1ཉིན་ནས་བཟུང་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་ལས་སྒོ་གསར་པ་དང་ལག་རྩལ་གསར་པའི་དགོས་མཁོ་གཞིར་བཟུང་སྨན་རྫས་དུས་ཐོག་ཏུ་མཁོ་སྤྲོད་ཐུབ་པ་བྱེད་དགོས་ཞེས་བཤད།
          ཝང་ཡུན་ཐིང་གིས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ཚུན། བོད་རང་སྐྱོང་ལྗོངས་ལ་སྔོན་ཐོན་གྱི་སྨན་བཅོས་འདུ་ཤེས་དང་བྱང་ཆུབ་པའི་སྨན་བཅོས་ལག་རྩལ་མཁོ་འདོན་བྱས་པས་བོད་ལ་སྨན་བཅོས་ཤེས་ལྡན་མི་སྣ་འབོར་ཆེན་སྐྱེད་སྲིང་བྱས་མོད། འོན་ཀྱང་སྨན་བཅོས་ཤེས་ལྡན་མི་སྣ་དཀོན་པ་དང་སྐྱེད་སྲིང་གི་དུས་འཁོར་རིང་བ་དེའང་ལྗོངས་ཡོངས་ཀྱི་སྨན་བཅོས་བྱ་གཞག་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན་ཞིག་ཡིན་པས། ད་ཡོད་གནས་ཚུལ་འགྱུར་ལྡོག་གཏོང་བར་ད་དུང་ལས་དོན་འབོར་ཆེན་སྒྲུབ་དགོས་ཞེས་བཤད།