དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་ཉིང་ཁྲིར་ཁ་ཚ་དགོས་གཏུགས་ཀྱི་རོགས་རམ་བྱས་པ།

སྤེལ་དུས 2020-03-12 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

          ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཏན་ཏིག་སྤེལ་ཆེད། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས“སྤྱི་ཡོངས་གཉིས”ཁོང་དུ་ཆུད་པ་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་མཐོ་ཚད་ཀྱི་ཐོག་ནས་ཤེས་ལྡན་མི་སྣ་དང་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ནང་རང་འགུལ་ངང་ཞུགས་པ་དང་བྱས་རྗེས་ཧུར་ཐག་བཞག་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་ནུས་ཤུགས་ཡོད་རྒུས་ཞུགས་པ་རེད།
           རིམས་ནད་ཐོན་ཚུན་བོད་སྐྱོར་ལས་དོན་རུ་ཁག་གི་གནས་སྐབས་ཏང་ཨུད་ཀྱིས་སྨན་བཅོས་རུ་ཁག་གི་རུ་མི་མགྱོགས་མྱུར་བཀོད་སྒྲིག་བྱས་པ་མ་ཟད། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་དང་ཤིན་སྐྱོར་གཞུང་ལས་ཁང་ལ་རིམས་འགོག་དངོས་རྫས་མཐུན་སྦྱོར་གྱི་རེ་ཞུ་ཕུལ་ཏེ། ཉིན་རེའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་བཀོད་སྒྲིག་བྱས་པ་དང་། ཀོང་ཏུང་བོད་སྐྱོར་སྐད་འཕྲིན་སྤྱི་རྟགས་དང་སྐད་འཕྲིན་ཚོགས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཀོང་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་དང་ལས་ཀའི་བླང་བྱ་བརྒྱུད་བསྒྲགས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ་རེད།
          དཔྱིད་གསར་དུས་ཆེན་རིང་། བོད་སྐྱོར་སྨན་བཅོས་རུ་ཁག་4ཡིས་རང་འགུལ་ངང་ལས་གནས་བརྟན་སྲུང་བྱས་པ་དང་ཉིང་ཁྲིའི་སྨན་དོན་མི་སྣར་དུས་ཐོག་ཏུ་ཏོག་གསར་གློ་ཚད་ཀྱི་ནད་དུག་སྔོན་འགོག་ཚོད་འཛིན་དང་མི་སྒེར་གྱི་འགོག་སྲུང་ཤེས་བྱ་གསོ་སྦྱོང་བྱས་ཏེ། སྒོ་བསྟེན་སྨན་ཁང་དུ་འཐེན་བཤེར་དང་། ལོགས་འཇོག་ལྟ་ཞིབ། ནད་གཞི་གཏན་འཁེལ་དང་སྐྱོབ་བཅོས་བཅས་དང་དེ་བཞིན་སྨན་ཁང་གི་འགོ་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་དོན་བརྒྱུད་རིམ་གསལ་པོ་བཟོས་ཏེ། སྨན་པ་ཡོངས་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་འཇོན་ཐང་ཆེ་རུ་བཏང་བ་རེད།
          བོད་ཀྱིས་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་བརྡ་ལན་རིམ་པ་དང་པོ་སྤེལ་འགོ་ཚུགས་རྗེས། ཀོང་ཏུང་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣ་18ནས་མི་14བོད་དུ་ཡོང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནང་ཞུགས་པ་རེད།
          ཉིང་ཁྲིར་རིམས་འགོག་དངོས་རྫས་ཧ་ཅང་དཀོན་པའི་གནས་ཚུལ་ལ་དམིགས་ཏེ། ཀོང་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག བོད་སྐྱོར་ལས་དོན་རུ་ཁག་གིས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ཁར། བོད་སྐྱོར་ལས་བྱེད་པ་སྐུལ་སློང་བྱས་པ་དང་། རིམས་འགོག་དངོས་རྫས་གྲབས་གསོག་ཧུར་ཐག་བྱས་པ་དང་ཞལ་འདེབས་བརྒྱབ་པ་རེད། ཟླ་3ཚེས་2ཉིན་བར་ཉིང་ཁྲི་གྲོང་ཁྱེར་ལ་ཁ་རས་ཁྲི་12ལྷག་ཙམ་དང་། འགོག་སྲུང་གྱོན་ཆས་780 མིག་སྲུང་མིག་ཤེལ་2040 དམར་ཕྱིའི་འོད་ཟེར་གྱི་ཚ་བ་འཇལ་ཆས་446བཅས་ཞལ་འདེབས་བརྒྱབ་པས། ཉིང་ཁྲི་གྲོང་ཁྱེར་གྱི་རིམས་འགོག་དངོས་རྫས་དཀོན་པའི་གནད་དོན་ཆེས་ཆེར་ཞི་ལྷོད་དུ་སོང་ཡོད། དེ་དང་དུས་མཚུངས་བོད་སྐྱོར་ལས་དོན་རུ་ཁག་གིས་ད་དུང་བོད་དུ་མ་འཇོག་བྱེད་མཁན་ཀོང་ཏུང་གི་ཁེ་ལས་སྐུལ་སློང་བྱས་ནས། རིམས་འགོག་དངོས་རྫས་ཁག་གཅིག་ཞལ་འདེབས་བརྒྱབ་པའི་ནང་། ནད་དུག་ལྟ་ཞིབ་ཚད་འཇལ་གྱི་ཚོད་ལྟའི་སྨན་རྫས་སྒམ་200དང་། ཁ་རས་73500འགོག་སྲུང་གྱོན་ཆས་600བཅས་ཚུད་ཡོད་པ་རེད། 

རྩོམ་སྒྲིག་པ། བདེ་སྒྲོལ།