དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཆབ་མདོ་གྲོང་ཁྱེར་གྱིས་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་འགན་ལེན་བྱས་པ།

སྤེལ་དུས 2020-04-13 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

          ● ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ།

          ● ཆ་སྒྲིག་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་སྟེ་དགེ་རྒན་གྱི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ།

          ● སློབ་གསོར་ཞིབ་འཇུག་དང་སྒྱུར་བཅོས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་ཁྲིད་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་བཏང་བ།
          ཆབ་མདོ་གྲོང་ཁྱེར་གྱི་རེས་སྐོར་གཉིས་པའི་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཚོགས་པ་ཆབ་མདོར་སླེབས་ཚུན། “དམིགས་ཚད་གཅིག་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། མཉམ་འདྲེས་གསུམ་ལ་སྐུལ་འདེད་གཏོང་བ། ནུས་པ་གསུམ་འདོན་སྤེལ་བྱེད་པ། 100% བྱས་པ་ལྔ་མངོན་འགྱུར་ཡོང་བ་བྱེད་པ། མངོན་གསལ་དོད་པོས་མཐོར་གཏོང་དྲུག་ལ་སྐུལ་འདེད་གཏོང་བ། ཆ་སྙོམས་ཆུ་ཚད་གསུམ་ལ་སླེབས་པ་བྱེད་པ”བཅས་ཀྱི་བོད་སྐྱོར་གྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ལེགས་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཡོངས་སྤྱི་འདོམས་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ལམ་ལུགས་འཛུགས་སྐྱོང་དང་། ཆ་སྒྲིག་རོགས་སྐྱོར། སློབ་གསོར་ཞིབ་འཇུག་དང་སྒྱུར་བཅོས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་རེས་སྐོར་གཉིས་པའི་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་བདེ་བླག་ངང་སྤེལ་བའི་འགན་ལེན་བྱས་པ་རེད།
          ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཞིང་། ཐེན་ཅིན་གྱི་བོད་སྐྱོར་ཚོགས་པས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ཁྱིམ་བདག་ལ“གཱ་འཁྱེར་ནས་སློབ་གྲྭར་འཛུལ་བའི”ལམ་ལུགས་དང་ཕྱི་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀའི་ཐོག་སློབ་གྲྭ་གྲོལ་བའི་ལམ་ལུགས་བཟོས་ཏེ་སློབ་གྲྭའི་སྒྲིག་ལམ་དང་བདེ་འཇགས་འགན་ལེན་བྱས་པ་རེད།
          ཆ་སྒྲིག་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་སྟེ་དགེ་རྒན་གྱི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཞིང་། ཁྲུང་ཆིང་བོད་སྐྱོར་ཚོགས་པས་ཆབ་མདོ་མཐོ་རིམ་སློབ་འབྲིང་དང་པོའི་སློབ་དཔྱོད་ཚོགས་ཆུང་དང་ལོ་རིམ་སོ་སོའི་སློབ་ཁྲིད་གྲ་སྒྲིག་ཚོགས་ཆུང་འཛུགས་སྐྱོང་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་པ་དང་།མཉམ་སྡེབ་ཀྱི་སློབ་ཁྲིད་གྲ་སྒྲིག་ཁྲོད་རང་འགུལ་ངང་གཏམ་བཤད་བྱེད་འགན་ཁུར་ནས་སྔོན་ཐོན་གྱི་སློབ་གསོའི་འདུ་ཤེས་དང་སློབ་ཁྲིད་བྱེད་ཐབས་ཁྱབ་བསྒྲགས་གང་ལེགས་བྱས་ཏེ། བོད་སྐྱོར་དགེ་རྒན་གཅིག་གིས་གཅིག་ལ་རོགས་རམ་དང་། གཅིག་གིས་མང་པོར་རོགས་རམ། དགེ་སློབ་ཆ་སྒྲིག་བཅས་ཀྱི་བྱེད་སྒོ་ནན་ཏན་ངང་སྤེལ་བ་མ་ཟད། དུས་ངེས་མེད་ཐོག་དཔེ་སྟོན་སློབ་ཚན་དང་ཡོངས་བསྒྲགས་སློབ་ཚན་ཁྲིད་ཁར“དགེ་རྒན་གཅིག་དང་ཕུལ་བྱུང་སློབ་ཚན་གཅིག”གི་བརྙན་ལམ་ཡང་བཏོན་པ་རེད།
          སློབ་གསོར་ཞིབ་འཇུག་དང་སྒྱུར་བཅོས་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་ཁྲིད་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་བཏང་ཞིང་། ཧྥུའུ་ཅན་བོད་སྐྱོར་ཚོགས་པས“100%བྱས་པ་ལྔ”མངོན་འགྱུར་གྱི་དམིགས་ཚད་ལ་གཞིགས་ཏེ་རོགས་སྐྱོར་དང་ལེན་སློབ་གྲྭའི་ཚོད་ལྟའི་སློབ་ཁྲིད་ཀྱི་ཞན་ཆ་སེལ་གང་ཐུབ་ཀྱིས་ས་ཆ་དེ་གའི་དགེ་རྒན་ལ་སྣེ་ཁྲིད་ཧུར་ཐག་བྱས་པ་མ་ཟད། དངོས་ཁམས་དང་། རྫས་འགྱུར། སྐྱེ་དངོས་བཅས་ཀྱི་ཚོད་ལྟའི་སློབ་ཁྲིད་གང་ལེགས་བྱས་ཤིང་། ཚོད་ལྟ་ཁང་གནས་སྤོའི་གོ་སྐབས་ལ་བརྟེན་ནས་དེ་སྔའི་ཚོད་ལྟ་ཁང་གི་ཡོ་བྱད་ཡང་བསྐྱར་ལེགས་སྒྲིག་བྱས་ཏེ་མཛོད་འཇུག་དང་། ཉར་ཚགས། དོ་དམ་བཅས་ཚད་ལྡན་བྱས་པ་རེད།

རྩོམ་སྒྲིག་པ། བདེ་སྒྲོལ།