དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཝུའེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པས།

བརྩེ་སེམས་ཟབ་མོས་རོགས་སྐྱོར་བྱས་པས་གྲུབ་འབྲས་བཟང་པོ་ཐོབ་པ།

སྤེལ་དུས 2020-05-14 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཝུའེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པའི་ཤེས་ལྡན་མི་སྣས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ་དང་རྣམ་གླིང་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དམངས་འཚོ་ལེགས་སུ་གཏོང་བ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་ཐད་ལས་དོན་ཏན་ཏིག་སྤེལ་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
          བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། ཝུའེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པའི་ཤེས་ལྡན་མི་སྣ་2019ལོར་བོད་དུ་ཡོང་རྗེས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དང་རྣམ་གླིང་རྫོང་གི་དོན་དངོས་གཞིར་བཟུང་། དམངས་འཚོ་ལེགས་གཏོང་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་རྩ་དོན་ལྟར་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་པ་དང་། གཞི་རིམ་གྱི་བསམ་འཆར་ཉན་པ། ཕྱོགས་མང་སྒྲིག་འཛུགས་ཀྱིས་རིགས་པས་ཁུངས་སྐྱེལ་བྱེད་པ་སོགས་ཀྱི་ལྷུ་ཚིགས་ལས་2020ལོའི་བོད་སྐྱོར་རྣམ་གྲངས་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱས་པ་རེད།
          ཝུའེ་ཧྥང་གྲོང་ཁྱེར་གྱི་2020ལོའི་བོད་སྐྱོར་རྣམ་གྲངས་ནང་དགེ་རྒན་ལས་བཟོའི་ཉལ་ཁང་གསར་སྐྲུན་དང་ཉམས་བཟོ་བྱེད་པ་དང་དེ་བཞིན་ཞོར་གཏོགས་ལས་གྲྭ་དང་འཕྲོད་བསྟེན་ལས་སྒོ་ཁང་གསར་སྐྲུན་དང་ལྷན་སྦྱར་འདུ་འགོད་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་སོགས་རྣམ་གྲངས་14ཚུད་ཡོད་པ་དང་རྣམ་གྲངས་དེ་དག་ལ་ཁྱོན་མ་དངུལ་སྒོར་ཁྲི་5443བཏང་བ་རེད། མིག་སྔར་ཝུའེ་ཧྥང་གྲོང་ཁྱེར་གྱི་2020ལོའི་བོད་སྐྱོར་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་སྐྲུན་བཞིན་ཡོད་པ་རེད།
          སློབ་གསོའི་བོད་སྐྱོར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། 2020ལོར་ཝུའེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་རྣམ་གྲངས་14ཡི་ཁྲོད་ནས་རྣམ་གྲངས་8ནི་དགེ་རྒན་ལས་བཟོའི་ཉལ་ཁང་འཛུགས་སྐྲུན་དང་། སློབ་མའི་སློབ་ཁང་དང་ཉལ་ཁང་གི་དྲོད་ལེན། སློབ་གྲྭའི་ལམ་བུ་འཛུགས་སྐྲུན་བཅས་ཀྱི་རྣམ་གྲངས་ཡིན། རྣམ་གྲངས་དེ་དག་ལ་ཁྱོན་མ་དངུལ་སྒོར་ཁྲི་2950བཏང་བ་དེས་བོད་སྐྱོར་རྣམ་གྲངས་མ་འཇོག་སྤྱི་འབོར་གྱི་54%བཟུང་ཡོད། ཝུའེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་རེ་རེས་ད་དུང་དཀའ་ངལ་ཡོད་པའི་ལོ་འདི་གའི་སློབ་ཐོན་སློབ་མ་གཅིག་ནས་གཉིས་བར་ལ་ཆ་སྒྲིག་རོགས་སྐྱོར་བྱས་ནས་ཁོང་ཚོ་དུས་ཐོག་ཏུ་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱེད་ཀྱི་ཡོད་པ་རེད།
          ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། ཝུའེ་ཧྥང་གྲོང་ཁྱེར་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ཝུའེ་ཧྥང་གྲོང་ཁྱེར་མི་དམངས་སྨན་ཁང་དང་རྣམ་གླིང་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དབར་མཉམ་ལས་གྲོས་མཐུན་འཇོག་རྒྱུར་རོགས་རམ་ཧུར་ཐག་བྱས་ནས་ཡུན་རིང་གི་ཁ་གཏད་རོགས་སྐྱོར་འབྲེལ་བ་བཙུགས་པ་རེད། གྲོས་མཐུན་གཞིར་བཟུང་། སྨན་ཁང་གཉིས་ཀྱིས་དུས་དེ་ནས་བཟུང་ཡུན་རིང་དང་ཁྱབ་ཁོངས་མང་བའི་མཉམ་ལས་གཏིང་ཟབ་བྱས་ཏེ་སྨན་ཁང་གཉིས་ཀྱི་མཉམ་སྐྲུན་ལ་སྐུལ་འདེད་བཏང་བ་དང་རྣམ་གླིང་རྫོང་སྨན་ཁང་མགྱོགས་མྱུར་རིམ་སྤོར་ཐུབ་རྒྱུར་སྣེ་ཁྲིད་སྟོན་བྱས་པ་རེད། འདི་ལོ་ཝུའེ་ཧྥང་གྲོང་ཁྱེར་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ཐག་རིང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ལ་ཁྱོན་མ་དངུལ་སྒོར་ཁྲི་740བཏང་ནས་སྨན་བཅོས་ཕྱོགས་བསྡུས་ཁང་བསྐྲུན་པའི་རྣམ་གྲངས་2བཀོད་སྒྲིག་བྱས་ཏེ་ཐག་རིང་གྲོང་གསེབ་མང་ཚོགས་ཀྱི་ནད་ལྟ་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།