དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་ཆབ་མདོར་ཚོང་འགུགས་མ་འདྲེན་བྱེད་རོགས་བྱས་པ།

མིག་སྔའི་བར། བཅའ་སྡོད་ཁེ་ལས་68ཀྱི་མ་དངུལ་སྒོར་དུང་ཕྱུར་1.74དམིགས་སར་འབྱོར་པ།

སྤེལ་དུས 2020-06-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          འདི་ལོ་ཚུན་ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་ཚོང་འགུགས་ལས་དོན་གྱི་རྣམ་པ་ཧུར་ཐག་བཏོད་དེ། ཚོང་འགུགས་ཀྱི་སྲིད་ཇུས་ལེགས་སུ་གཏོང་བ་དང་། ཚོང་གཉེར་གྱི་ཁོར་ཡུག་གཏོད་པ། ཚོང་འགུགས་བྱེད་སྟངས་གསར་གཏོད་བྱེད་པ་བཅས་གསུམ་གྱི་ཐོག་ནས་ཆབ་མདོའི་ཚོང་འགུགས་མ་འདྲེན་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། མིག་སྔའི་བར། ཚོང་འགུགས་བཅའ་སྡོད་ཁེ་ལས་68ཟིན་པའི་ནང་ཟླ་བཞི་པར་བཅའ་སྡོད་བྱས་པའི་ཁེ་ལས་32ཡོད་པ་དང་། བཅའ་སྡོད་ཁེ་ལས་ཀྱི་གསར་འཕར་ཐོག་བཀོད་མ་དངུལ་སྒོར་དུང་ཕྱུར་4.23ཟིན་པས་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་13.43ཟིན་ཏེ། མཛོད་འཇུག་ཁྲལ་འབབ་སྒོར་དུང་ཕྱུར་2.37ལེགས་གྲུབ་བྱུང་བ། བཅའ་སྡོད་ཁེ་ལས་གསར་པས་མ་འཇོག་སྒོར་དུང་ཕྱུར་12ལས་བརྒལ་བ་བྱེད་རྩིས་ཡོད་པ་དང་མིག་སྔར་མ་དངུལ་སྒོར་དུང་ཕྱུར་1.74དམིགས་སར་འབྱོར་ཡོད་པ་རེད།
          ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ཚུན། ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་ལ་རོགས་སྐྱོར་བྱེད་མཁན་ཁྲུང་ཆིང་གྲོང་ཁྱེར་གྱི་ལས་བྱེད་པས་ཁེ་ལས་འཕེལ་རྒྱས་གཏོང་བའི་དགོས་མཁོ་ཁག་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་གསར་པ་ལེགས་སྒྲིག་བྱས་ནས་ཞིབ་ཚཌ་ངང་བཟོས་པ་དང་སྦྲགས། གཙོ་གནད་ཁེ་ལས་ལ་བྱ་བ་རེར་གྲོས་རེ་བྱས་ཏེ། ཁེ་ལས་དཀའ་ངལ་ལས་སྒྲོལ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།
          ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་ཆེད། ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་རང་འགུལ་ངང་གཙང་པོ་གཉིས་ཀྱི་ཁུལ་གསར་མཐུན་སྦྱོར་གྲོན་དངུལ་ནས་སྒོར་ཁྲི་40བླངས་ཏེ་དེང་རབས་ཅན་གྱི་ཁེ་ལས་ཀྱི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་བསྐྲུན་ཏེ། ཁེ་ལས་གསར་གཏོད་ལ་གཅིག་འཐུས་རྣམ་པའི་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱས་པ་རེད། རྒྱལ་ཡོངས་ལས་རིགས་ཁྲོད་ཀྱི་མདུན་གྲལ་རྩེ་གྲ་བཅུའི་ཁྲུང་ཆིང་གི་སྤུས་ལེགས་སྡེ་ལས་ནང་འདྲེན་བྱས་ཏེ་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་རྩེ་གྲའི་སྡེ་ལས་ཞབས་ཞུ་བཏོད་པ་དང་། གཙོ་གནད་ཚོང་འགུགས་ཁེ་ལས་ཀྱི་ཆེད་དོན་ཞབས་ཞུའི་ལམ་སྲོལ་གཏིང་ཟབ་ཏུ་བཏང་སྟེ། ཟླ་རེར་ཁེ་ལས་ལ་འབྲེལ་གཏུག་དང་འཚམས་འདྲི་ཞབས་ཞུར་སྐྱོད་པའི་ལམ་ལུགས་བཙུགས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་དང་ཚོང་གཉེར་གྱི་དཀའ་ངལ་དུས་ཐོག་ཏུ་བསལ་ཡོད།
          ཁྲུང་ཆིང་གི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་ཐོན་ཁུངས་ལ་བརྟེན་ཏེ། ལས་དོན་རུ་ཁག་གི་ལས་མི་ཚང་མ་ཚོང་འགུགས་ནང་ཞུགས་སུ་འཇུག་ཐབས་བྱས་ནས། བོད་སྐྱོར་ལས་དོན་རུ་ཁག་གི་ལས་བྱེད་པས་ཀྲུང་གོ་འགྲིམ་འགྲུལ་གཞུང་ལམ་ལས་གྲྭ་བཞི་པ་ཅུས་དང་། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཆུ་གློག་གསར་སྤེལ་ཚོགས་པ། རྒྱལ་ཡོངས་ནུས་རྒྱུ་གསར་པའི་མཐུན་ཚོགས། དམངས་གཉེར་ཁེ་ལས་སོགས་ཁེ་ལས་20ལྷག་ཙམ་ཆབ་མདོར་བརྟག་ཞིབ་བྱེད་པར་སྔ་རྗེས་སུ་བཀུག་ཡོད། གོ་ལ་ཧྲིལ་པོའི་སྐམ་སའི་ཆུ་ཐོག་སྐྱེལ་འདྲེན་གྲུ་ཁ་ཆེ་ཤོས་ཡིན་པའི་ཁྲུང་ཆིང་ཤིང་འབྲས་ར་བའི་གྲུ་ཁ་འཛུགས་སྐྲུན་བྱེད་མཁན་ཚན་པ་ཡིན་པའི་ཁྲུང་ཆིང་དབན་ཀང་ཚོགས་པས་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.5བཏང་བའི་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཧྭ་ཁྲེང་རྣམ་གྲངས་སྐྲུན་འགོ་ཚུགས་ཡོད། རྒྱལ་ཁབ་ཀྱི་ཁྲལ་དོན་རིགས་གཅིག་མཁས་ཅན་ཚོགས་པའི་ཁོངས་མི་དང་། ཁྲུང་ཆིང་གྲོང་ཁྱེར་གྱི་སྲིད་གྲོས་ཨུ་ཡོན་སོགས་རིགས་གཅིག་མཁས་ཅན་མང་པོ་གདན་དྲངས་ཏེ། ཚོང་འགུགས་ཀྱི་མཚམས་སྦྱོར་ལས་སྟེགས་ཀུང་སི་6སྔ་རྗེས་སུ་བཙུགས་ནས། ཆབ་མདོར་ཚོང་འགུགས་མ་འདྲེན་བྱེད་རོགས་བྱས་ཏེ་ས་གནས་ཁག་གི་ཁྲུང་ཆིང་ཚོང་ཚོགས་ཀྱི་ཚོགས་གཙོའི་དབར་རྒྱུན་རྣམ་འབྲེལ་གཏུག་ལམ་སྲོལ་བཙུགས་ཏེ། ཚོང་ཚོགས་ཚོགས་པ་10ལྷག་ཙམ་ཆབ་མདོར་བརྟག་ཞིབ་བྱེད་པར་བཀུག་ཡོད།
          དུས་མཚུངས་སུ་ཁྲུང་ཆིང་གི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས“ཁྲུང་ཆིང་གིས་རོགས་སྐྲུན་བྱས་པའི་སྣོད་བཅུད་སྲུང་སྐྱོང་ཐོན་ལས་གླིང”གི་རྣམ་གྲངས་བསྐྲུན་རྒྱུའི་གྲོས་འགོ་བཏོན་ནས། ཚོང་འགུགས་མ་འདྲེན་བརྒྱུད་དམངས་ཁྲོད་ཀྱི་མ་དངུལ་བསྡུས་ཏེ། ཆབ་མདོ་ཡོངས་ཀྱི་ཐོན་ལས་གླིང་ཆེ་ཤོས་སྒྲིག་འཛུགས་གསར་སྤེལ་བྱས་ནས་རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་8ཙམ་གཏོང་རྩིས་ཡོད་པ་རེད། རྣམ་གྲངས་དེ་བསྐྲུན་རྗེས། སྔོན་དཔག་བྱས་ན་ས་གནས་དེ་གའི་མི་འབོར་600ལྷག་ཙམ་ལས་ཞུགས་ལ་སྣེ་ཁྲིད་ཐུབ་རྒྱུ་དང་། ས་གནས་དེ་གའི་མི་འབོར་དབུལ་པོར་སྒོར་ཁྲི་5000འབབ་འཕར་ཡོང་རྒྱུ། ལོ་འཁོར་གྱི་ཁྲལ་འཇལ་སྒོར་དུང་ཕྱུར་2ཡན་ཟིན་རྒྱུ་བཅས་ཡིན་ཞིང་། མིག་སྔར་ཁེ་ལས་40ལྷག་ཙམ་དབར་བཅའ་སྡོད་ཀྱི་གྲོས་མཐུན་བཞག་ཡོད།