དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

བོད་ལྗོངས་ལ་རྒྱལ་ཁབ་ཚན་རྩལ་པུའུ་ཡི་གཙོ་གནད་ཆེད་སྤྱོད་རྣམ་གྲངས་མ་དངུལ་སྒོར་ཁྲི2800ཐོབ།

སྤེལ་དུས 2020-07-08 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
           ཉེ་སྔོན། གསར་འགོད་པས་བོད་ལྗོངས་ཚན་རྩལ་ཐིན་ནས་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ལ་ཚན་རྩལ་པུའུ་ཡི“ཚན་རྩལ་ལ་བརྟེན་ནས་དཔལ་འབྱོར་ལ་རོགས་སྐྱོར་བྱེད་པའི2020”གཙོ་གནད་ཆེད་སྤྱོད་རྣམ་གྲངས་མ་དངུལ་སྒོར་ཁྲི2800ཐོབ་པ་དང་། དེ་དག་ཞིང་ལས་དང་། སྐྱེ་དངོས་སྨན་རྫས། ཚེ་སྲོག་བདེ་ཐང་། ཐོན་ཁུངས་དང་ཁོར་ཡུག ཆ་འཕྲིན་ལག་རྩལ། བཟོ་སྐྲུན་ལས་རིགས། ནུས་ཁུངས། རྒྱུ་ཆ་གསར་བ་བཅས་ཁྱབ་ཁོངས7དང་འབྲེལ་བ་ཡོད།
           རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ3པར། ཚན་རྩལ་པུའུ་ཡིས་རྒྱལ་ཁབ་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞི“ཚན་རྩལ་ལ་བརྟེན་ནས་དཔལ་འབྱོར་ལ་རོགས་སྐྱོར་བྱེད་པའི2020”གཙོ་གནད་ཆེད་དོན་རྣམ་གྲངས་སྤེལ་འགོ་བརྩམས་པ་དང་། “ཁྲོམ་རའི་བཀོལ་སྤྱོད་ཀྱི་མདུན་ལམ་བཟང་བ་དང་། ལག་བསྟར་གྱི་དུས་འཁོར་ཐུང་བ། ཕན་འབྲས་ཐོན་པའི་དུས་ཚོད་མགྱོགས་པ། གོ་རིམ་སྟབས་བདེ་དང་ཚད་ལྡན་ཡིན་པ། ལས་ཐོན་བསྐྱར་ཚུགས་ལ་ཐད་ཀར་སྐུལ་ཁྲིད་ཀྱི་ནུས་པ་ལྡན་པ”བཅས་ཀྱི་གཙོ་གནད་ཆེད་དོན་རྣམ་གྲངས་འོས་སྦྱོར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། བོད་ལྗོངས་ཚན་རྩལ་ཐིན་གྱིས་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ། ལྗོངས་ནང་ཁུལ་གྱི་ཚན་རྩལ་རྣམ་པའི་ཁེ་ལས་ཀྱིས་ཚན་ཞིབ་རྣམ་གྲངས་ལ་སྦྱོང་བརྡར་དང་རྩ་འཛུགས་བྱས་པ་བརྒྱུད། རེ་ཞུའི་རྣམ་གྲངས་ཀྱི་གྲངས་འབོར་ལྟར་རྣམ་གྲངས40རེ་ཞུ་བྱས་ལ། དེའི་ཁྲོད་ རྣམ་གྲངས38ལ་རྣམ་གྲངས་འཛུགས་པར་རྒྱབ་སྐྱོར་ཐོབ་པ་དང་འགྲོ་གྲོན་བསྡོམས་འབོར་སྒོར་ཁྲི2800ཡོད་པ་རེད།
           རྣམ་གྲངས་དེ་དག་ལག་བསྟར་བྱས་པ་ལས་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ནུས་པ་ཇེ་ཆེར་གཏོང་བ་དང་ལག་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་ཐུབ་པ་མ་ཟད། ཚན་རྩལ་ཅན་གྱི་ཁེ་ལས་ལ་རིམས་ནད་ལས་བྱུང་བའི་དུས་ཐུང་གི་དཀའ་ངལ་སེལ་རོགས་བྱས་ནས་ལས་ཐོན་བསྐྱར་ཚུགས་བྱེད་པར་ཕན་ནུས་འདོན་ཐུབ། རྗེས་མར་བོད་ལྗོངས་ཚན་རྩལ་ཐིན་གྱིས་བརྒྱུད་རིམ་ཧྲིལ་བོའི་དོ་དམ་ཞབས་ཞུར་ཤུགས་སྣོན་བྱས་ཏེ། རྣམ་གྲངས་བདེ་བླག་ངང་ལག་བསྟར་བྱེད་པ་དང་ཕན་འབྲས་དངོས་ཐོབ་པར་ཁག་ཐེག་བྱ་རྒྱུ་ཡིན་པ་རེད། །