དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

མངའ་རིས་ཀྱི་སློབ་གསོའི་བྱ་གཞག་གི་འཕེལ་རྒྱས་མྱུར་པོར་རམ་འདེགས་ཧུར་ཐག་བྱས་པ།

སྤེལ་དུས 2020-07-14 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
ཧྲའན་ཤིས་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཚོགས་པ་ཁག་གཉིས་པའི་ལས་དོན་སྐོར་གྱི་མྱུར་བྲིས།
          2019ལོའི་ཟླ་7པར། ཧྲའན་ཤིས་ཞིང་ཆེན་གྱི་“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ཚོགས་པ་ཁག་གཉིས་པ་ལྷ་ས་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་ལ་སླེབས་ཚུན། 《ལྷ་ས་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་སློབ་མའི་ལག་དེབ》ཕྱོགས་བསྒྲིཌ་བྱས་ནས་བཀྲམ་པ་དང་། འབྲེལ་གཏུག་མཐུན་སྦྱོར་ཐེངས་མང་བྱས་པ་བརྒྱུད། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པས་སློབ་མ་ཚོར་ཐོགས་མེད་སྨན་བཅོས་བགྲོད་ལམ་བཏོད་ནས་སློབ་མར་ལེགས་ལ་སྟབས་བདེ་བའི་སྨན་བཅོས་ཞབས་འདེགས་ཞུས་པ་སོགས་མངའ་རིས་ཀྱི་སློབ་གསོའི་བྱ་གཞག་གི་འཕེལ་རྒྱས་མྱུར་པོར་རམ་འདེགས་ཧུར་ཐག་བྱས་ཡོད།

འདི་ནི་ལྷ་ས་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་གི་སློབ་སྤྱི་གཞོན་པ་རེན་ཁང་ཡོན་གྱིས་སློབ་གྲྭའི་རིག་རྩལ་བྱེད་སྒོ་སྤེལ་སྐབས་སློབ་གྲྭའི་དགེ་རྒན་དང་དྲན་རྟེན་པར་བརྒྱབ་པ། 

འདི་ནི་བོད་སྐྱོར་དགེ་རྒན་ཝང་དབྱིང་གིས་རྒྱ་ཡིག་སློབ་ཚན་འཚོག་བཞིན་པ། 
          སློབ་གྲྭའི་འཕེལ་རྒྱས་གོ་རིམ་ལྡན་ལ་དེ་བས་ནུས་པ་ལྡན་པ།
          རེན་ཁང་ཡོན་ནི་ཤིས་ཨན་སློབ་འབྲིང་གི་ལོ་རྒྱུས་དགེ་རྒན་ཞིག་ཡིན་པ་དང་དགེ་རྒན་བྱས་ནས་ལོ་20ལྷག་ཙམ་སོང་བའི་ཁོང་གིས་2019ལོའི་ཟླ་7པར་ལྷ་ས་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་དུ་བོད་སྐྱོར་ལ་སྐྱོད་པའི་རེ་བ་ཞུས་ཏེ་སློབ་གྲྭ་དེའི་སློབ་སྤྱི་གཞོན་པ་བྱས། “འདིར་སླེབས་ཚེ་ཕྲུ་གུ་ཚོར་ཁ་ཡོད་ལག་ཡོད་ཀྱི་བྱ་བ་སྒྲུབ་དགོས་ལ། ཅུང་རྗེས་ལུས་ཐེབས་པའི་མངའ་རིས་ཀྱི་སློབ་གསོར་ཡང་འགྱུར་ལྡོག་གཏོང་དགོས”ཞེས་པ་དེ་ནི་རེན་ཁང་ཡོན་དང་མཉམ་དུ་ཕེབས་པའི་ཧྲའན་ཤིས་ཞིང་ཆེན་གྱི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ཚོགས་པ་ཁག་གཉིས་པའི་དགེ་རྒན་20ལྷག་ཙམ་གྱི་འདུན་པ་རེད།
          “སྒྲིག་ཁྲིམས་མེད་ན་ཁུངས་དང་ལུང་མེད”སློབ་གྲྭའི་སྒྲིག་སྲོལ་ལམ་ལུགས་ནི་སློབ་གྲྭའི་ལས་དོན་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་གཞི་རྩའི་འགན་ལེན་ཡིན་ཞིང་། 2019ལོའི་སྟོན་ཁའི་སློབ་དུས་འགོ་ཚུགས་སྐབས། གང་སར་བརྟག་ཞིབ་གང་ལེགས་བྱས་པའི་རྨང་གཞིའི་འོག་བོད་སྐྱོར་ཚོགས་པས་ལྷ་ས་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་གི་དོན་དངོས་དང་བསྟུན་ནས《ལྷ་ས་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་སློབ་མའི་ལག་དེབ》བཟོས་ནས་བཀྲམ་པ་རེད། ལག་དེབ་དེས་སློབ་མའི་སློབ་སྦྱོང་དང་འཚོ་བའི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ནས་སློབ་མའི་ཚད་ལྡན་བྱ་སྤྱོད་བྱ་བ་ཆུང་ཙག་དོན་འཁྱོལ་བྱས་ཡོད།
          སློབ་གྲྭའི་སློབ་མ་རྣམས་དུས་ཐོག་ཏུ་ནད་ལྟ་སྨན་བཅོས་ཐུབ་པ་འགན་ལེན་བྱ་ཆེད། བོད་སྐྱོར་ཚོགས་པའི་འབད་བརྩོན་ལྷོད་མེད་དང་ལྗོངས་སློབ་གསོ་ཐིང་དང་མངའ་རིས་ས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་གྱི་སྐུལ་འདེད་འོག རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པས། སློབ་མར་ཐོགས་མེད་སྨན་བཅོས་བགྲོད་ལམ་བཏོད་ནས་ཁྱིམ་བདག་གི་སེམས་ཁྲལ་བསལ་ཡོད་ལ། སློབ་མའི་བདེ་ཐང་ཡང་འགན་ལེན་བྱས་པ་རེད།
          ནམ་ཡང་གནས་ཐུབ་པའི་དགེ་རྒན་གྱི་དཔུང་ཁག་ཅིག་བཙུགས་པ།
          སློབ་གསོའི་འཆར་གཞི་ཆེ་མོའི་རྩ་བ་དགེ་རྒན་ལ་ཐུག་ཡོད། ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་ནི་སློབ་གྲྭ་འཕེལ་རྒྱས་ཀྱི་སྒུལ་ཤུགས་རེད་ལ་སློབ་གྲྭའི་འབྱུང་འགྱུར་གྱི་འཕེལ་རྒྱས་དང་ཡང་འབྲེལ་བ་དམ་ཟབ་ཡོད།
          འཛམ་གླིང་ཡང་རྩེའི་སྟེང་གི་ཡང་རྩེར་ནམ་ཡང་གནས་ཐུབ་པའི་བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་ཅིག་འཛུགས་ཆེད། བོད་སྐྱོར་ཚོགས་པས་སློབ་དཔྱོད་དང་སློབ་སྒྱུར་ལ་སྐུལ་འདེད་གཏོང་བ་ཤུགས་རྒྱག་སར་བྱས་ནས་སློབ་ཚན་གྲ་སྒྲིག་དང་། སློབ་ཁྲིད། སློབ་གྲྭ་གྲོལ་རྗེས་ཀྱི་ཟུར་ཁྲིད་སོགས་ཀྱི་ཐད་ལྷ་ས་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་གི་གཞོན་སྐྱེས་དགེ་རྒན་ལ“གཅིག་གཏད་གཅིག”དང“གཅིག་གཏད་མང་བའི”རོགས་སྐྱོར་བྱས་ཡོད།
          ཧྲའན་ཤིས་ཞིང་ཆེན་སློབ་གསོ་ཐིང་གི་རོགས་རམ་འོག་རེན་ཁང་ཡོན་གྱིས་སློབ་གྲྭ་ཡོངས་ཀྱི་རྐང་འཛིན་དགེ་རྒན་དང་ཕུལ་བྱུང་འཛིན་གྲྭའི་ཀྲུའུ་རེན་20ལྷག་ཙམ་ཁྲིད་དེ་ཧྲའན་ཤིས་ཞིང་ཆེན་གྱི་ཤིས་ཨན་དང་། ཐུང་ཁྲོན། ཝུའེ་ནན་སོགས་ས་ཆར་སློབ་སྦྱོང་དང་སྤེལ་རེས་བྱེད་པར་བསྐྱོད་པ་རེད། ལོ་གཅིག་ལྷག་ཙམ་རིང་། ལྷ་ས་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་གི་དགེ་རྒན་དཔུང་ཁག་འཛུཌ་སྐྱོང་མངོན་གསལ་དོད་པོས་ལེཌ་སུ་ཕྱིན་པ་དང་ཆབས་ཅིག་ནང་སའི་སྔོན་ཐོན་སློབ་ཁྲིད་ཀྱི་ཉམས་མྱོང་དང་། སློབ་ཁྲིད་ཀྱི་འདུ་ཤེས། སྣ་མང་ཅན་གྱི་སློབ་ཁྲིད་བྱེད་ཐབས་བཅས་ཀྱིས་ས་གནས་དེ་གའི་དགེ་རྒན་གྱི་སློབ་ཁྲིད་བྱེད་སྒོར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། 
          སློབ་གསོའི་ཐོན་ཁུངས་སྤུས་ལེགས་ས་མཐོར་གཞིས་ཆགས་པ།
          སློབ་གསོའི་ཐོན་ཁུངས་སྤུས་ལེགས་ས་མཐོར་གཞིས་ཆགས་ཐུབ་པ་བྱ་རྒྱུ་ནི་ཧྲའན་ཤིས་ཞིང་ཆེན་གྱི་“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ཚོགས་པ་ཁག་གཉིས་པའི་དགེ་རྒན་རྣམས་བོད་དུ་ཡོང་བའི་དམིགས་ཡུལ་རེད། ཁོ་ཚོས་གསོན་ཉམས་དོད་པའི་བྱ་སྤྱོད་རེ་རེར་བརྟེན་ནས་བོད་སྐྱོར་གྱི་ཐོག་མའི་བསམ་འདུན་ལག་བསྟར་བྱས་ཏེ་གཡུར་ཟའི་གྲུབ་འབྲས་མངོན་པར་བྱས་པ་རེད།
          “སློབ་ཚན་འཚོག་སྐབས་མཚམས་རེ་བསྟན་བཤིག་གི་སྐད་ཆ་རེ་གཉིས་བཤད་ན་ང་ཚོ་ཡང་སྣང་བ་སྐྱིད་པོ་འདུག” བོད་སྐྱོར་དགེ་རྒན་སློབ་གྲྭར་ཕེབས་ནས་ལོ་གཅིག་ལྷག་ཙམ་སོང་བ་དང་མཐོ་རིམ་ལོ་རིམ་གཉིས་པའི་སློབ་མ་བཀྲ་ཤིས་ཆོས་འཛོམས་ཀྱིས་སློབ་སྦྱོང་ལ་དཀའ་ངལ་དེ་ཙམ་མེད་པའི་སྣང་བ་བྱུང་ཡོད་ལ་སྦྱངས་འབྲས་ཁག་ཀྱང་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།
          སླད་ཕྱིན་ལོ་གཉིས་ཀྱི་འཆར་གཞིའི་སྐོར་བརྗོད་སྐབས། རེན་ཁང་ཡོན་གྱིས“སློབ་གསོའི་བོད་སྐྱོར་ནི་དཔལ་འབར་འདུ་འགོད་དང་རེ་བའི་འདུ་འགོད་ཞིག་རེད། སླད་ཕྱིན་གྱི་ལོ་ཤས་ནང་ཧྲའན་ཤིས་ཞིང་ཆེན་གྱིས་སྒོར་ཁྲི་3500བཏང་ནས་ལྷ་ས་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་གི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུ་དང་ཆབས་ཅིག སློབ་གྲྭའི་རིག་གནས་འཛུགས་སྐྱོང་དང་དགེ་རྒན་གསོ་སྦྱོང་སོགས་ཀྱི་ལས་དོན་ཁག་སྤེལ་ཤུགས་ཆེ་རུ་བཏང་ནས། མངའ་རིས་ཀྱི་སློབ་མ་དང་མངའ་རིས་ཀྱི་སློབ་གསོར་སེམས་ནུས་ཡོད་རྒུས་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བརྗོད་པ་རེད།