དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཧྲང་ཧའེ་དང་བོད་ལྗོངས་ཀྱི་དམངས་གཉེར་ཁེ་ལས་གྲགས་ཅན་གྱི་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོགས་པ།

སྤེལ་དུས 2020-07-29 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཚེས27ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཧྲང་ཧའེ་དང་བོད་ལྗོངས་ཀྱི་དམངས་གཉེར་ཁེ་ལས་གྲགས་ཅན་གྱི་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོགས་པ་རེད། འབྲེལ་ཡོད་ཚན་པས་ཧྲང་ཧའེ་ཡི་དམངས་གཉེར་ཁེ་ལས་མཁས་ཅན་ལ་བོད་ཀྱི་ཚོང་འགུག་མ་འདྲེན་གྱི་སྲིད་ཇུས་དང་རྣམ་གྲངས་འོས་སྦྱོར་བྱས་པ་དང་ཧྲང་ཧའེ་དང་བོད་ཕྱོགས་གཉིས་པོའི་ཁེ་ལས་མཁས་ཅན་གྱི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ང་ཕོད་འཇིགས་ཡོན་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།
          ང་ཕོད་འཇིགས་ཡོན་གྱིས། ཧྲང་ཧའེ་སོགས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དང་མི་རིགས་མཐུན་སྒྲིལ་སོགས་བྱ་གཞག་ཁག་གི་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་གལ་ཆེན་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རྒྱབ་སྐྱོར་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། ལྗོངས་ཡོངས་ཀྱི་མི་དམངས་ཀྱི་དཀའ་སྤྱད་འབད་འཐབ་བཅས་ཀྱི་འོག བོད་ཀྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་པ་དང་། ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་སོང་བ། བོད་ཀྱི་དམངས་གཉེར་ཁེ་ལས་མཁས་ཅན་གྱིས་དཀའ་ངལ་དུ་མ་ཁྱད་དུ་བསད་ནས་བོད་ཀྱི་དམངས་གཉེར་དཔལ་འབྱོར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་བཏང་བས་ཁེ་ལས་ཟམ་མི་ཆད་པར་རྒྱ་སྟོབས་ཆེ་རུ་སོང་ཡོད་ཅེས་གསུངས་པ་རེད།
          ང་ཕོད་འཇིགས་ཡོན་གྱིས། ཧྲང་ཧའེ་ཡི་དམངས་གཉེར་ཁེ་ལས་མཁས་ཅན་ཚོའི་གཏམ་བཤད་ཁྲོད་ནས་ཚང་མས་བོད་ལ་བཅངས་པའི་རེ་སྒུག་དང་དགའ་ཞེན་དང་། བོད་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་དོ་ཁུར་བྱས་པ། བོད་འདི་ཉིད་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་གཏོང་བར་ཞུགས་འདོད་ཀྱི་འདུན་པ་བཅས་ཚོར་བྱུང་། ཧྲང་ཧའེ་ཡི་ཁེ་ལས་མཁས་ཅན་ཚོས་མུ་མཐུད་བོད་དུ་རྟོག་ཞིབ་དང་བོད་ཀྱི་འབྲེལ་ཡོད་ཕྱོགས་ཁག་དང་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་དེ་བས་མང་བ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་དང་བོད་དུ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་མཉམ་ལས་གཉིས་ཁེ་ཡོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།  །