དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཆབ་མདོའི་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་ཐོག་མ་དེ་གཏོང་སྤྲོད་བྱས།

སྤེལ་དུས 2020-08-06 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          མིག་སྔར་ཆབ་མདོ་གྲོང་ཁྱེར་གྱིས་ཐེན་ཅིན་གྲོང་ཁྱེར་དུ་གཏོང་སྤྲོད་བྱས་པའི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་ཀྱི་རླངས་འཁོར་གཏོང་བའི་མཛད་སྒོ་ཐོག་མ་དེ་ནགས་རའི་ཕེང་ཡུས་ཟོག་འགྲེམས་གླིང་དུ་འཚོགས་ནས་ཐེན་ཅིན་དང་། ཁྲུང་ཆིང་། ཧྥུའུ་ཅན་བཅས་ཞིང་ཆེན་དང་གྲོང་ཁྱེར་གསུམ་གྱི་ཆབ་མདོའི་འཛད་སྤྱོད་དབུལ་སྐྱོར་ལ་རོགས་སྐྱོར་བྱེད་པའི་འགོ་ཚུགས་པ་རེད། སྒོར་ཁྲི106བཏང་བའི་མངགས་ཐོ་ཐེན་ཅིན་ཟས་རིགས་སྡེ་ཚོགས་ཀྱིས་ཉོ་སྒྲུབ་བྱས་པ་རེད།
          ཟླ7པའི་ཚེས1ཉིན《ཆབ་མདོ་གྲོང་ཁྱེར་གྱི་གཅེས་སེམས་ཀྱིས་འཛད་སྤྱོད་དབུལ་སྐྱོར་ལ་རམ་འདེགས་བྱེད་པའི་བྱ་སྤྱོད་ཇུས་གཞི》ལག་བསྟར་བྱས་པའི་རིང་ལ། ཐེན་ཅིན་དང་། ཁྲུང་ཆིང་། ཧྥུའུ་ཅན་ཞིང་ཆེན་སོགས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་དང་ལེན་ཧུར་ཐག་བྱས་ཏེ། ཆབ་མདོའི་རྫོང(ཆུས)བཅུ་གཅིག་ཏུ་འཛད་སྤྱོད་དབུལ་སྐྱོར་རྟོག་ཞིབ་བྱེད་པར་བསྐྱོད།
          རྒྱུས་ལོན་པ་ལྟར་ན། ཟླ་གཅིག་གི་སྔོན་ལ། ཐེན་ཅིན་གྲོང་ཁྱེར་ཚོང་དོན་ཅུའུ་ཡིས་ལོ་རེར་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བའི་ཐེན་ཅིན་གྱི་སྡེབ་ཚོང་ཁྲོམ་རའི་འགན་འཁུར་བ་བཞིའི་སྣེ་ཁྲིད་དེ་ཆབ་མདོ་གྲོང་ཁྱེར་དུ་རྟོག་ཞིབ་ཏུ་ཡོང་བ་དང་། ཆབ་མདོའི་ཐོན་རྫས་སྡེབ་ཚོང་ཁྲོམ་རར་འདྲེན་རྩིས་ཡོད་པ་རེད། མིག་སྔར་ཐེན་ཅིན་གྱིས་དབུལ་སྐྱོར་ཁང་བརྒྱད་ལས་གཉེར་བྱེད་འགོ་ཚུགས་པ་དང་ལྟེ་བའི་ཚོང་རར་གནས་པའི་ཞི་བདེ་ལམ་གྱི་ཆབ་མདོའི་དབུལ་སྐྱོར་ཁང་ཡང་ལས་གཉེར་བྱེད་རྩིས་ཡོད། དུས་མཚུངས་སུ་ཁྱད་ལྡན་དང་དཀོན་པའི་ཐོན་རྫས་གསར་སྤེལ་བྱས་ནས་ནང་སའི་ཚོང་རར་ཞུགས་རྒྱུ་དང་། དབུལ་སྐྱོར་ཁྱད་ཆོས་ལྡན་པའི་ཐོན་རྫས་ཚོང་ར་ཅན་དང་། སྤུས་རྟགས་ཅན། ཐོན་ལས་ཅན་བཅས་སུ་གཉེར་སྐྱོང་བྱེད་པ་བརྒྱུད་དེ་ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྱི་སྐྱེ་ཁམས་ཐོན་ལས་ཕྲེང་བ་འཛུགས་པར་བརྟེན་ནས། ཆབ་མདོའི་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་ལ་སྐུལ་འདེད་ཆེན་པོ་བཏང་བ་རེད།  །